འབའ་ཐང་གི་གཏམ་དཔེ་ཕྱོགས་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-12   རྩོམ་ཁུངས།    ཁམས་པའི་དྲ་བ།

 ༡

ཕ་བཟང་གི་བུ།།

གཡག་བཟང་གི་ཀོ།

    ༢

མི་མི་ལ་བརྟེན་ན་ཀུ་རུ་ལྷ་སར་སླེབས།།

ཤིང་ཤིང་ལ་བརྟེན་ན་འཇིག་རྟེན་ལྷ་ཁང་འཛུགས།།

     ༣

ཨ་ཕོ་ཆང་གིས་བཟི་ན།།

མགོ་རས་རླུང་ལ་མི་ཤོར།།

     ༤ 

ཕྲག་དོག་ཆེ་ན་སེམས་མི་སྐྱིད།།

རང་འདོད་ཆེ་ན་གྲོགས་མི་རྙེད།།

     ༥ 

མི་ལ་ངོ་ཚ་མེད་ན་ཁྱི་དང་འདྲ།།

ཁྱི་ལ་རྔ་མ་མེད་ན་འདྲེ་དང་འདྲ།།

     ༦

ཡར་དཔེ་ཞྭ་ལ་ལྟ།།

མར་དཔེ་ལྷམ་ལ་མ་ལྟ།།

     ༨

ཁ་ཁ་རོག་བསྡད་ན་ཁ་མཆུ་མེད།།

མགོ་རུམ་དུ་བཅུག་ན་ལྷགས་པ་མེད།།


     ༩

ནུབ་མ་ཉལ་མི་ཤེས་རྟ་ངན་གྱི་རྟེའུ་འདྲ།།

ཞོགས་ཡར་ལངས་མི་ཤེས་བ་ངན་གྱི་བེའུ་འདྲ།།

    ༡༠

རང་གི་མི་རང་གིས་བསྟོད།།

རང་གི་ལྷ་རང་གིས་མཆོད།།

    ༡༡

ཤིང་མང་ན་རླུང་ཁོག།

མི་མང་ན་དོན་འགྲུབ།།

    ༡༢

ཁ་ནང་གི་རྨ་ཁ་ཁ་ནང་གསོས།།

ཁྱིམ་ནང་གི་ཁ་རྩོད་ཁྱིམ་ནང་ཞི།།

    ༡༣

ཁ་བཤད་ལ་ཉི་མ་ཤར།།

ལག་ལེན་ལ་མུན་པ་རུབ།།

    ༡༤

འཇམ་པོ་ལུ་གུའི་ཚ་རུ་འདྲ།།

སྙན་མོ་ཁུ་བྱུག་ངག་དང་འདྲ།།

    ༡༥

གནམ་བྱ་ཡི་ཕོ་མོ་ཤེས་དཀའ་རུང་།།

མགོ་ནག་མི་ཡི་རྣམ་འགྱུར་ཤེས་པ་སླ།།

    ༡༦

སྦྱིན་པའི་ཟས་ལ་བཟང་ངན་མེད།།

གནོད་པའི་ཚིག་ལ་མང་ཉུང་མེད།།

    ༡༧

མི་བཟང་པོའི་སེམས་པ་གསེར་དང་འདྲ།།

གསེར་བཟང་པོའི་ཁ་དོག་འགྱུར་བ་མེད།།

    ༡༨

མི་བཟང་ལ་མཚན་སྙན་མང་།།

མི་ངན་ལ་ཆག་སྒོ་མང་།།

    ༡༩

བརྩོན་འགྲུས་ཅན་དེ་ཤེས་བྱས་ཕྱུག།

ལེ་ལོ་ཅན་དེ་གཉིད་ཀྱིས་ཕྱུག།

    ༢༠

ཞབས་བྲོ་ཨེ་རྒྱག་ལྷམ་ལ་ལྟོས།།

སྣང་བ་ཨེ་སྐྱིད་ངོ་ལ་ལྟོས།།

    ༢༡

ཟས་སློང་ན་ཡ་རབས་བུ་ལ་སློང་།།

གྲོས་འདྲི་ན་མཚན་ལྡན་མི་ལ་དྲིས།།

    ༢༢

སང་ཉིན་གྱི་ཤ་ལས།།

དེ་རིང་གི་རུས་པ་ཞིམ།།

    ༢༣

གསང་དང་མི་གསང་མི་འདུག།

ཞབས་རྗེས་གངས་ལ་བཞག་འདུག།

    ༢༤

ཁྱི་རྒྱགས་ན་མི་ཟུག་དགུ་ཟུག།

མི་རྒྱགས་ན་མི་བཤད་དགུ་བཤད།།

    ༢༥

གསོག་པའི་རྒྱུ་ནོར་གཞན་ལ་དབང་།།

འབད་པའི་ཡོན་ཏན་རང་ལ་དབང་།།

    ༢༦

ཁ་ཁོག་པ་གཉིས་དེ་དྲང་དགོས།།

ལུས་ལག་པ་གཉིས་དེ་གཙང་དགོས།།

    ༢༧

ཆུ་ཐིགས་བསགས་ནས་རྒྱ་མཚོ་ཆགས།།

ས་རྡོ་སྤུངས་ནས་རི་བོ་ཆགས།།

    ༢༨

ཟས་ཞིམ་པོ་ཡོད་ན་མ་ལ་བྱིན།།

གཏམ་སྙན་པོ་ཡོད་ན་ཕ་ལ་བཤད།།

    ༢༩

ཕྱི་ལུས་པོ་བདེ་ན་བདེ་བ་མིན།།

ནང་སེམས་པ་བདེ་ན་བདེ་བ་ཡིན།།

    ༣༠

མི་ཡིས་བཤད་ཚད་བདེན་པ་མིན།།

བྱེའུས་འཐུ་ཚད་འབུ་སྲིན་མིན།།

    ༣༡

རི་དང་རི་ཐུག་རབས་མེད།།

མི་དང་མི་ཐུག་རབས་ཡོད།།

    ༣༢

འོ་མའི་རྒྱ་མཚོའི་ནང་ལ།།

ཁྲག་གི་ཐིགས་པ་མ་འཕེན།།

    ༣༣

བུ་ལྷ་ས་འགྲོ་རུང་བཤད་རྒྱུ་ཉུང་།།

བུ་མོ་ཆུ་འཁོར་བཏགས་རུང་བཤད་རྒྱུ་མང་།།

     ༣༤

སྐད་ཆ་ཉུང་རུང་མགོ་རྔ་ཚང་།།

ལུང་པ་ཆུང་རུང་རྩྭ་ཆུ་འཛོམས།།

     ༣༥

ཁ་ཁུ་བྱུག་བཞིན་དུ་སྙན།།

ཁོག་གཞུ་མོ་བཞིན་དུ་འཁྱོག།

     ༣༦

གོས་གོང་བ་མེད་ན་བཟོ་འཕྲོ་རེད།།

གྲི་ཡུ་བ་མེད་ན་བརྡུང་འཕྲོ་རེད།།

ཚིག་རྔ་མ་མེད་ན་བཤད་འཕྲོ་རེད།།

     ༣༧

ཚིག་ལ་མཁས་ན་མཁས་པ་མིན།།

དོན་ལ་མཁས་ན་མཁས་པ་ཡིན།།

     ༣༨

མི་ཨ་གསར་ཅན་ལ་ཕྱི་ཐག་ཐུང་།།

རྟ་རྒྱུག་དགའ་ཅན་ལ་རྒྱུག་ཐག་ཐུང་།།

     ༣༩

ཤིང་རྒས་ན་རྩ་བ་མང་།།

མི་རྒས་ན་སྐད་ཆ་མང་།།

     ༤༠

སྐད་ཆ་མང་ན་སྐྱོན་མང་།།

ཟ་རྒྱུ་མང་ན་ནད་ཡོང་།།

     ༤༡

རྐང་པ་ཆུ་ལ་མ་རེག་པར།།

ཉ་མོ་ལག་པས་འཛིན་ཐབས་མེད།།

     ༤༢

སྐད་ཆ་རིང་ན་མི་མི་དགའ།།

དབྱུག་པ་རིང་ན་ཁྱི་མི་དགའ།།

     ༤༣

སྐད་ཆ་མང་ན་འཁྲུག་འགྲོ།

སྐུད་པ་རིང་ན་ཆད་འགྲོ།

     ༤༤

དཀྱིལ་དུ་བཞག་ན་ཕྲ་འདྲ།།

ཟུར་དུ་བཞག་ན་རྒྱན་འདྲ།།

     ༤༥

རྫ་ཁོག་ཆག་ན་སྤྱི་གྱོང་།།

ཕོར་བ་ཆག་ན་སྒེར་གྱོང་།། 

     ༤༦

ངན་པ་རང་བསྟོད།།

རུལ་མ་བུ་བསྟོད།།

    ༤༧

གྲོས་འགོ་ཆུ་བོ་འབབ་འབབ།།

གྲོས་ཐག་སྟར་ག་གཅོག་གཅོག།

    ༤༨

ཁབ་བསགས་ནས་འབིགས་རྡུང་།།

འབིགས་བསགས་ནས་གྲི་རྡུང་།།

    ༤༩

ཁ་གང་གི་གཏམ་ཤོད།།

བང་གང་གི་རྟ་རྒྱུགས།།

    ༥༠

སྐྱིད་དུས་མགོ་འཕང་མ་མཐོ།།

སྡུག་དུས་སྣང་བ་མ་འཁུམས།།

ལྷ་སྡུག་གིས་བསྡུས།