པད་མ་གཡང་མཚོའི་དུས་བཞིའི་མཛེས་སྡུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། པད་མ་གཡང་མཚོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོར་གནས་ཡོད་ལ། ཕྱི་ཚུལ་ནི་མེ་ལོང་ཞིག་དང་འདྲ་བ་དང་། མཚེའུ་འགྲམ་དུ་རྩྭ་སྔོན་གྲལ་འགྲིག་པོས་སྐྱེས་ཡོད། དུས་བཞིའི་འགྱུར་ལྡོག་དང་བསྟུན་ནས་པད་མ་གཡང་མཚོའི་ཡུལ་ལྗོངས་ལའང་འགྱུར་བ་ཆེན་པོ་བྱུང་བས།གནས་འདི་ནི་ལྷ་ཡུལ་གྱི་ཞིང་མཆོག་ཅིག་ཏུ་སྣང་སྟེ།དུས་བཞིར་གནས་འདིར་ཡུལ་སྐོར་དུ་ཡོང་བའི་མགྲོན་པོ་ནི་རྒྱུན་མི་ཆད་པར་འདུག།

        ངག་རྒྱུན་དུ་ལས་དབང་ཡོད་པའི་མིས་པད་མ་གཡང་མཚོ་ནས་ཕོ་བྲང་པོ་ཏ་ལའི་གྲིབ་གཟུགས་མཐོང་ཐུབ་ཟེར། ང་ཚོ་མཉམ་དུ་པད་མ་གཡང་མཚོའི་དུས་བཞིའི་མཛེས་སྡུག་ལ་གཟིགས་བར་འགྲོ།