2020ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཁྱབ་བསྒྲགས་བྱས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-09   རྩོམ་ཁུངས།    ཁམས་པའི་དྲ་བ།

        2020ལོའི་ཟླ10པའི་ཚེས8ཉིན་གྱི་པེ་ཅིང་དུས་ཚོད་ཀྱི་དགུང་དྲོའི་ཆུ་ཚོད19པར། སི་ཝེས་དན་རྩོམ་རིག་སློབ་གླིང་གིས་སི་ཐོག་ཁོར་མོ་རུ་བསྒྲགས་པའི་གནས་ཚུལ་ལྟར་ན། 2020ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཨ་རིའི་སྙན་ངག་པ་ལྕམ་ལོའུ་སེགྷྀ་ལུ་ཀྀ(Louise Glück)ལགས་ལ་སྤྲད་དེ་ཁོ་མོའི་རྩོམ་རིག་དང་སྙན་ངག་ཐད་ཀྱི་གྲུབ་འབྲས་ལ་གཟེངས་བསྟོད་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།

        སི་ཝེས་དན་རྩོམ་རིག་སློབ་གླིང་གིས་ལྕམ་ལོའུ་སིགྷྀ་ལུ་ཀྀ་ལགས་ལ“ཁོ་མོའི་རྩོད་མེད་ཡོངས་གྲགས་ཀྱི་སྙན་ངག་གི་བྲོ་བ་ཞིམ་པའི་སྐད་བརྡ་དང་། བབ་ཆགས་ཀྱི་མཛེས་པས་མི་སྒེར་གྱི་གནས་སྟངས་ཡོངས་ཁྱབ་ཅན་དུ་བསྒྱུར་བ”ཞེས་པའི་མིང་ཐོག་ནས་ནོ་པེལ་རྩོམ་རིག་བྱ་དགའ་སྤྲད་ཡོད། 

        ལྕམ་ལོའུ་སིགྷྀ་ལུ་ཀྀ་ལགས་ནི་ཨ་རིའི་སྙན་ངག་པའི་གཙུག་རྒྱན་དུ་བརྗོད་ཅིང་། ད་ལྟའི་བར་སྙན་དེབ་བཅུ་གཉིས་པར་དུ་བསྐྲུན་ཡོད་ལ། རྒྱལ་སྤྱིའི་བྱ་དགའ་མང་པོ་རག་མྱོང་བ་རེད།

        ཡིན་ནའང་ཀྲུང་གོའི་རྩོམ་རིག་དང་བོད་ཀྱི་རྩོམ་སྟེགས་རྣམས་སུ་ལོ་སྔོན་མ་རྣམས་དང་འདྲ་བར་ཁོ་མོ་ཅུང་རྒྱུས་མེད་ཅིག་ཏུ་སྣང་།