2020ལོའི་ནོ་པེར་བྱ་དགའ་ཞིག་ཡོངས་བསྒྲགས་བྱས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-08   རྩོམ་ཁུངས།    ཨ་མདོ་སྨྱན་གསར།

        ས་གནས་དེ་གའི་དུས་ཚོད་ཟླ10བའི་ཚེས5ཉིན། སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོར་མོའི་ཁ་ལུའོ་ལིན་གསོ་རིག་སློབ་གླིང་དུ་ནོ་པེར་བྱ་དགའ་ཨུ་ལྷན་གྱི་སྤྱི་ཁྱབ་དྲུང་ཆེན་ཐུའོ་མ་སི་ཕེར་མན་གྱིས།  སྤྱི་ལོ2020ལོའི་ནོ་པེར་སྐྱེ་ཁམས་རིག་པའམ་གསོ་རིག་བྱ་དགའ་ཧ་ཝེ་ཨར་ཐེ་དང་། མའེ་ཁེ་ཧུའོ་ཏུན། ཁྲར་སི་ལའེ་སི་བཅས་ལ་གནང་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཁོང་ཚོས་མཆིན་ནད་ནད་དུག་ག་པ་གསར་རྙེད་ཐད་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱས་ཏེ། བྱ་དགའ་ཐོབ་མཁན་གསུམ་པོར་སུའེ་ཏེན་གྱི་སྒོར་མོ་ཁྲི1000ཙམ(མི་དམངས་ཤོག་སྒོར་ཁྲི760ཙམ) སྤྲོད་རྒྱུ་རེད་ཅེས་བསྟན་ཡོད།

        ཧ་ཝེ་ཨར་ཐེ་ནི་ཨ་རིའི་ནད་དུག་རིག་པ་བ་ཞིག་ཡིན་ཞིང་། ཉིའུ་ཡོག་གྲོང་ཁྱེར་དུ་སྐྱེས་པ་དང་། སྤྱི་ལོ1956ལོར་ལུའོ་ཁྲེ་སི་ཐེ་སློབ་ཆེན་གྱི་རྩོམ་རིག་ཤེས་རམས་པའི་སློབ་གནས་ཐོབ། སྤྱི་ལོ1960ལོར་སློབ་གྲྭ་དེའི་གསོ་རིག་སློབ་གནས་ཐོབ། སྤྱི་ལོ1964ལོར་ཕྱིས་སུ་ནོ་པེར་བྱ་དགའ་ཐོབ་མཁན་པ་ལུའུ་ཁེ་སའེ་མེའར་པུའུ་ལུང་པོ་ཀེ་དང་མཉམ་དུ་ཨོ་སི་ཁྲུ་ལི་ཡའི་ནད་འགོག་ནུས་པ་གསར་རྙེད་བྱུང་བ་དང་། ཕྱིས་སུ་དེ་ནི་མཆིན་ནད་ཁ་པའི་ནད་དུག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱས། ཁོང་གིས་ད་དུང་སྲོག་ཆགས་ཀྱི་དཔེ་དབྱིབས་ལ་བརྟེན་ནས་མི་ལུས་ཀྱི་ནད་འགོག་ནུས་པ་ཆ་མི་ཚང་བའི་ནད་དུག་ལ་ཞིབ་འཇུག་བྱས་པ་མ་ཟད། མཆིན་ཚད་ག་པའི་ནད་དུག་ཟེར་བ་གཏན་འཁེལ་བྱས། སྤྱི་ལོ2000ལོར་ལཱ་སི་ཁེ་གསོ་རིག་ཞིབ་འཇུག་བྱ་དགའ་ཐོབ་པ་དང་།  སྤྱི་ལོ2013ལོར་ཀེའར་ཏེ་ནར་རྒྱལ་སྤྱིའི་བྱ་དགའ་ཐོབ།
        སི་མའེ་ཁེར་ཧུའོ་ཏུན་ནི་དབྱིན་ཇིའི་སྐྱེ་དངོས་རྫས་འགྱུར་རིག་པ་བ་ཞིག་ཡིན་ལ། མཆིན་ནད་ག་པའི་ཚོད་ལྟ་གསར་སྤེལ་ནང་ཞུགས་པ་དང་། སྤྱི་ལོ1972ལོར་ཁོང་ལ་ཏུང་དབྱིན་ཅི་ལི་སློབ་ཆེན་གྱི་ཤེས་རམས་པའི་སློབ་གནས་ཐོབ་པ་དང་། སྤྱི་ལོ1977ལོར་ལུན་ཏུན་སློབ་ཆེན་གྱི་རྒྱལ་པོའི་སློབ་གླིང་སྐྱེ་དངོས་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། དེ་ནས་ཁོང་གིས་པའེ་ཅིན་ཧན་ཅུན་སའེ་ཨེར་ཞིབ་འཇུག་ཚོད་ལྟ་ཁང་དུ་བྱ་བ་སྒྲུབ་ཅིང་། སྤྱི་ལོ1982ལོར་ཞི་ལུང་ཀུང་སིའི་མཆིན་ནད་ཀ་པ་མིན་ལ་ཁ་པའང་མིན་པའི་སྡེ་ཁག་གི་གཙོ་འགན་འཁུར་མཁན་ལ་གྱུར།
        ཁྲའར་སི་ལའེ་སི་ནི་ཨ་རིའི་ནད་དུག་རིག་པ་བ་ཞིག་ཡིན་པ་དང་། ཁོང་གི་ཞིབ་འཇུག་གི་ཁྱབ་ཁོངས་གཙོ་བོ་ནི་མཆིན་ནད་ག་པའི་ནད་དུག་ཡིན་ལ། ཁོང་ནི་ལོ་ཁུ་ཧྥེ་ལེ་སློབ་ཆེན་གྱི་ནད་དུག་རིག་པའི་དགེ་རྒན་ཆེན་མོ་ཡང་ཡིན། སྤྱི་ལོ2016ལོར་ཁོང་དང་ལས་རོགས་གཉིས་ལ་མཉམ་དུ་ལཱ་སི་ཁེ་ཏི་པེ་ཅིའི་གསོ་རིག་ཞིབ་འཇུག་གི་བྱ་དགའ་ཐོབ།ཏོག་གསར་གློ་ཚད་རིམས་ནད་དབང་གིས་ཐེངས་འདིའི་མཛད་སྒོར་ནོ་པེར་ཨུ་ཡོན་ལྷན་ཁང་གིས་མི་གྲངས་ལ་ཚོད་འཛིན་ནན་མོ་བྱས་ཡོད་དེ། ཚོགས་ཞུགས་མི་གྲངས30ལས་བརྒལ་མི་རུང་བ་གཏན་འཁེལ་བྱས་ཡོད།