ཤམ་བྷ་ལ་སྤྱི་གླིང་གི་དུས་ཐེངས་གསུམ་པའི་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཤམ་བྷ་ལ་སྤྱི་གླིང་གི་དུས་ཐེངས་གསུམ་པའི་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། ཉེ་སྔོན་གསར་འགོད་པས་ཤམ་བྷ་ལ་སྤྱི་གླིང་གི་དུས་ཐེངས་གསུམ་པའི་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ་དང་། བཟོ་པ་ལ་ལས་སྔོ་འགྱུར་ས་ཆ་ཁོད་སྙོམས་སུ་གཏོང་བ་དང་། བཟོ་བ་ལ་ལས་ཤིང་སྡོང་འཛུགས་ཀྱི་ཡོད་པ། ལ་ལ་ཞིག་གིས་བཙོག་འབུད་སྦུག་ལམ་དཔྱང་འདེགས་ལྷུ་སྒྲིག་བྱེད་བཞིན་ཡོད་པས་ཡུལ་དངོས་སུ་བྲེལ་འཚུབ་ཆེ་བའི་སྣང་ཚུལ་ཞིག་ཤར་བ་མཐོང་བྱུང་།