སྟག་མཆོང་གྲོག་རོང་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཧ་ཅང་མང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ད་ལོའི་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་།སྟག་མཆོང་གྲོག་རོང་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཧ་ཅང་མང་དེ།རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་སྟག་མཆོང་གྲོག་རོང་ལྗོངས་ཁུལ་དུ་ལྟ་སྐོར་སྤྲོ་གསེང་དུ་ཡོང་ནས་གུང་གསེང་གཏོང་བཞིན་ཡོད་པ་རེད།

    བསྡོམས་རྩིས་བྱས་པ་ལྟར་ན།ཟླ་10པའི་ཚེས་1ཉིན་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་སྤྱིའི་བསྡོམས་འབོར་ནི་5613ཡིན་པའི་ནང་ཐར་ཐོར་ཡུལ་སྐོར་བའི་མི་གྲངས་3525ཡིན་པ་རེད།ཟླ་10པའི་ཚེས་2ཉིན་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་སྤྱིའི་བསྡོམས་འབོར་ནི་7064ཡིན་པའི་ནང་ཐར་ཐོར་ཡུལ་སྐོར་བའི་མི་གྲངས་4338ཡིན་པ་རེད།ཟླ་10པའི་ཚེས་3ཉིན་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་སྤྱིའི་བསྡོམས་འབོར་ནི་7810ཡིན་པའི་ནང་ཐར་ཐོར་ཡུལ་སྐོར་བའི་མི་གྲངས་4646ཡིན་པ་རེད།ཟླ་10པའི་ཚེས་4ཉིན་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་སྤྱིའི་བསྡོམས་འབོར་ནི་8594ཡིན་པའི་ནང་ཐར་ཐོར་ཡུལ་སྐོར་བའི་མི་གྲངས་4973ཡིན་པ་རེད།