ཨ་ཞང་གི་མེ་ཏོག་ལྡུམ་ར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        མེ་ཏོག་གི་ཞིང་ཁམས་ཤིག་ནས་སོས་དལ་དང་བག་ཡངས་ཀྱིས་འཚོ་བ་རོལ་བ་ནི་ཅི་འདྲའི་མཛེས་སྡུག་དང་ལྡན་པ་ཞིག་རེད་ཨང་།  ང་ཚོས་བདེ་སྐྱིད་ཅེས་པ་ནམ་ཡང་འཚོལ་སྙེགས་བྱེད་ཀྱིན་ཡོད་མོད།  གནས་འདི་ལྟ་བུ་ཞིག་ནས་འཚོ་བ་རོལ་ཐུབ་པ་ནི་མ་གཞི་ང་ཚོས་བཙལ་བཞིན་པ་དང་སྙེགས་བཞིན་པའི་བདེ་སྐྱིད་ཀྱི་འཚོ་བ་དེ་མ་ཡིན་ནམ།  

        གནའ་མིའི་ཁ་དཔེར་ཡང་།  ཚེ་འདིར་མཛེས་པའི་མེ་ཏོག་སྣ་ཚོགས་བཏབ་གྱུར་ཚེ།། སྐྱེ་བ་ཕྱི་མར་སྐྱེས་གཟུགས་ཡག་པོར་སྐྱེ་བར་བཤད།། ཅེས་པ་བཞིན།  ཚེ་འདིར་མཛེས་སྡུག་སྣ་བརྒྱ་ཡི་མེ་ཏོག་སྣ་ཚོགས་བཏབ་སྟེ། དེ་ལ་བདག་སྐྱོང་ཡག་པོ་གནང་ཚེ། མ་འོངས་པ་དང་སྐྱེ་བ་ཕྱི་མར་རང་གི་ཞལ་རས་དང་སྐྱེས་གཟུགས་སོགས་ཀྱང་ཆེས་ཡིད་དུ་འོང་བ་ཞིག་ཏུ་སྐྱེ་བར་བཤད་པས། དེ་ཡང་ཚེ་འདིར་བསོད་ནམས་བསགས་པའི་རྒྱུ་ཞིག་ཏན་ཏན་ཡིན་པར་ངེས་སོ།། 

        གང་ལྟར། འདི་འདྲའི་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁོར་ཡུག་ཅིག་ནས་འཚོ་བ་ནི་ཅི་འདྲའི་ལས་བསོད་བཟང་པོ་རེད་ཨང་།