རྒྱལ་དར་སྒྲེང་སྐབས་དང་དོད་གང་ཡོད་པ། ཁྱེད་ཀྱིས་ཤེས་སམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-07   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

       རྒྱལ་དར་སྒྲེང་བའི་མཛད་སྒོ་ནི་ཉིན་ལྟར་གནམ་བདེ་སྒོ་མོ་ཆེ་རུ་སྤེལ་བཞིན་ཡོད། འོན་ཀྱང་ཀྲུང་གོ་བ་ཞིག་གི་ངོས་ནས་ཁྱེད་ཀྱིས་གནམ་བདེ་སྒོ་མོ་ཆེའི་རྒྱལ་དར་སྒྲེང་བའི་རྒྱབ་ཀྱི་མཚོན་དོན་ཤེས་སམ།

       དོན་དངོས་སུ་གནམ་བདེ་སྒོ་མོ་ཆེའི་རྒྱལ་དར་སྒྲེང་བའི་མཛད་སྒོར་གཏན་འབེབས་ནན་པོ་བྱས་ཡོད།དེར་ངེས་པར་དུ་མི་36དང་། གོམ་པ་ངེས་པར་དུ་138་སྤོ་དགོས། རྒྱལ་དར་མཐོ་ཚད་སྨི་28.3བར་སྒྲེང་དགོས་ཀྱི་ཡོད། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། 

        རྒྱལ་དར་སྲུང་སྐྱོང་རུ་ཁག་གི་མི་གྲངས་ནི་36ཡིན་པ་དེ་ནི་1949ལོར་ཀྲུང་གོ་གསར་པ་དབུ་བརྙེས་པར་དྲན་གསོ་ཞུ་ཆེད་ཡིན།མི་གྲངས་36དེ་གྲལ་ཁ་4ཡིས་སྒྲིག་ཏེ་གྲལ་གཅིག་ལ་མི་9ཡིན་ན་བསྡོམས་པས་1949ཡི་དོན་མཚོན་གྱི་ཡོད།

       གོམ་པ་138བགྲོད་པ་དེས་རང་རྒྱལ་གྱིས་ལོ་དེར་འཇའ་དམག་གི་ལག་ནས་ཐོབ་པའི་གསུམ་བརྒྱད་མེ་མདའ་སྤྱད་ནས་བརྒྱབ་པའི་རྒྱལ་ཁོངས་མཚོན་བཞིན་ཡོད།དོན་དངོས་སུ་བདེ་སྲུང་རུ་ཁག་ཅིན་ཧྲུའེ་ཟམ་པ་ནས་རྒྱལ་དར་སྒྲེང་བའི་སྟེགས་བུར་སླེབས་དུས་བར་གྱི་བར་ཐག་ནི་སྨི་103.5ཡིན་པ་དང་། རང་རྒྱལ་གྱིས་དམག་མིའི་གོམ་སྟབས་ལེན་ཐག་ཏག་ཏག་སྨི་0.75ཡིན་པས། 103.5ལ་0.75ཡིས་བགོས་ན་ཏག་ཏག་138རེད། 

       རྒྱལ་དར་གྱི་མཐོ་ཚད་ངེས་པར་དུ་སྨི་28.3ཟིན་དགོས་པའི་རྒྱུ་མཚན་ནི་1921ལོའི་ཟླ་7པར་ཏང་འཛུགས་པ་ནས་1949ལོའི་ཟླ་10པར་ཀྲུང་གོ་གསར་པ་དབུ་བརྙེས་པའི་བར་ཏག་ཏག་ལོ་28དང་ཟླ་བ་3ཡིན་པ་མཚོན་བཞིན་ཡོད།

       རང་རྒྱལ་གྱིས་རྒྱལ་དར་སྒྲེང་བའི་མཛད་སྒོར་བརྟེན་ནས་མི་རབས་རྗེས་མར་དཀའ་ཚེགས་ཆེ་བའི་ལོ་རྒྱུས་དེ་བློ་ལ་བརྟན་པོར་ངེས་པ་བྱས་ཡོད།