མཛེས་པའི་རེ་ལྕག་གིས་ས་ཐག་རྒྱང་རིང་གི་མགྲོན་པོ་བསུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སྨིན་ལེགས་འབྲས་བུ་ཐུར་དུ་དཔྱངས་བའི་སྒེག་ལྡན་སྟོན་གྱི་དུས་བཟང་འདིར།བདེ་ཆེན་མཐོ་སྒང་གི་ག་ས་གང་དུ་གསེར་མདོག་ཞུན་མའི་ལྭ་བ་བཀླུབས་པས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཆགས་ཡོད།

        སྟོན་ཟླ་དགུ་པར་སླེབས་པ་ན་མཐོ་སྒང་གི་དྲོད་ཚད་རིམ་བཞིན་མར་ཆག་པ་དང་བསྟུན་ནས་ལྗང་མདོག་གི་རྩྭ་ཐང་དེ་སེར་པོར་གྱུར་ནས་གང་སར་སྟོན་ཉམས་ཀྱིས་ཁེངས་ཡོད་ལ། དམར་མདངས་བཀྲ་བའི་རེ་ལྕག་ནི་སྟོན་དུས་བདེ་ཆེན་ས་ཁུལ་གྱི་བཀྲག་མདངས་འཚེར་སའི་ཡུལ་ལྗོངས་ཞིག་ཏུ་གྲུབ་ཡོད། 

        རྒྱལ་སྟོན་དུས་ཆེན་རིང་།རང་ཁུལ་གྱིས་རེས་སྐོར་གསར་པའི་ཡུལ་སྐོར་བ་མང་པོའི་དུས་བཟང་བསུས་པ་དང་། ཉིན་ལྟར་ཡུལ་སྐོར་རླངས་འཁོར་བརྒྱ་སྟོང་མང་པོ་བདེ་ཆེན་དུ་ཡུལ་སྐོར་ལ་ཡོང་གི་ཡོད།  རྒྱལ་ལམ214རྒྱུད་ཀྱི་གཡས་གཡོན་དང་ནགས་ཕག་མཚོའི་རྩྭ་ཐང་ཐོག་དམར་མདངས་བཀྲ་བའི་རེ་ལྕག་གིས་ས་གདན་ཐང་ལ་འདིང་བ་ལྟར་ག་ས་གང་དུ་ཁྱབ་ཡོད་པས།སྟོན་ཁའི་མཐོ་སྒང་ལ་སྔར་ལས་གསོན་ཤུགས་རྒྱས་པར་བྱེད་པ་དང་།ཡུལ་སྐོར་བས་འཚང་ཁ་ཤིག་ཤིག་ངང་རླངས་འཁོར་ལས་བབས་ཏེ་མཛེས་པའི་ཡུལ་ལྗོངས་ལ་རོལ་མྱོང་བྱེད་བཞིན་ཡོད།