“དུས་ཆེན་གཉིས”རིང་གི་འཁྲུག་ཆ་དོད་པའི་རྣམ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-05   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

     འདི་ནི་ཟླ་10ཚེས་2ཉིན་གྲོང་མི་དང་ཡུལ་སྐོར་བ་རྫོང་རྒྱབ་ཀླུ་ཁང་དུ་འཛོམས་ནས་གླུ་ལེན་གར་འཁྲབ་བྱས་ཏེ་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་པ།

        ཟླ་10ཚེས་1ཉིན་གྱི་ཞོགས་པ་སྔ་པོ་ནས་ལྷ་སའི་གནའ་གྲོང་བར་སྐོར་ཁྲོམ་གཞུང་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། ཚོང་ཁང་གི་སྒོ་སྟེང་དུ་བཙུགས་པའི་རྒྱལ་དར་ཧ་ཅང་མངོན་གསལ་དོད་པ་དང་། མཐའ་འཁོར་གྱི་ཇ་ཁང་ཆེ་ཆུང་ཚང་མར་མིས་ཁེངས་པ། ཚོང་ཁང་གི་བོད་ཀྱི་ཁྱད་ལྡན་ཐོན་རྫས་དང་ཟླ་མཆོད་བག་ལེབ་སྣ་ཚོགས་མངོན་ཆེ་སར་བསྒྲིགས་པ་སོགས་དུས་ཆེན་གཉིས་རིང་ལྷ་སའི་གྲོང་ཁུལ་ཚང་མ་དགའ་སྤྲོའི་རྣམ་པས་རབ་ཏུ་མྱོས།

        གསར་འགོད་པར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་། ལྷ་ས་གོང་དཀར་གནམ་ཐང་དུ་སྔོན་དཔག་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་9.9དབོར་འདྲེན་བྱས་པ་དེ་དུས་མཚུངས་ལས་10.5%འཕར་བ་དང་། དུས་གཏན་གནམ་གྲུ་1018འགན་ལེན་བྱས་པ་དེ་དུས་མཚུངས་ལས་8.2%མང་དུ་འགྲོ་སྲིད། ལྕགས་ལམ་སྡེ་ཚན་གྱིས་སྔོན་དཔག་བྱས་ན་དགུང་གསེང་རིང་ལྷ་སའི་མེ་འཁོར་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་5.2དབོར་འདྲེན་བྱས་ནས་ཉིན་ལྟར་ཆ་སྙོམས་མི་ཐེངས་6500ཟིན་རྒྱུ་མ་ཟད། ལྷ་ས་ནས་གཞིས་རྩེའི་བར་གྱི་སྐབས་འཕྲལ་ཡུལ་སྐོར་མེ་འཁོར་ཁ་སྣོན་བྱ་རྒྱུ་རེད།