ཉིན་འདི་དག་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་གླུ་གར་གྱི་མཚོ་མོ་འཁྱིལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

 

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ10པའི་ཚེས4ཉིན་གྱི་དགོང་མོར།དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མཐུན་ཚོགས་ཀྱི་མི་རིགས་དམངས་ཁྲོད་གླུ་གར་རྒྱུན་རྣམ་ཅན་གྱི་འགྲེམས་འཁྲབ་རུ་ཁག་གི་བོད་རིགས་བྱམས་གླུ་རུ་ཁག་གིས་འཁྲབ་སྟོན་བྱས་པའི་བོད་ཀྱི་སྐོར་བྲོ་དང་བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པའི་ཆེད་མངགས་གླུ་གར་འཁྲབ་སྟོན《བདེ་ཞིང་སྐྱིད་པའི་བདེ་ཆེན》དང་དེ་བཞིན་ལ་ཁའི་ཉི་མའི་སྒྱུ་རྩལ་ཚོགས་པས་སྒྲིག་འཛུགས་བྱས་པའི་དགའ་སྤྲོ་འཆམ་མཐུན་གྱི་ཤམ་བྷ་ལ་ཞེས་པའི་མེ་ཕུང་མཚན་ཚོགས་ཟླ་འོད་ཐང་ཆེན་དུ་འཚོགས་པ་རེད། ངོ་མཚར་བའི་གླུ་གར་འཁྲབ་སྟོན་རེ་རེས་ཡུལ་དངོས་ཀྱི་ལྟད་མོ་བའི་མིག་དབང་འདྲེན་པར་བྱས་པ་དང་།ཡུལ་དངོས་སུ་དགའ་བའི་ཐལ་སྒྲ་དང་དགོད་སྒྲས་ཁེངས་འདུག 

 

        ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་རིག་གནས་དམངས་ཕན་དང་རིག་གནས་ལ་བརྟེན་ནས་དམངས་སྐྱོང་མཐའ་འཁྱོངས་བྱས་ཤིང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་དང་། གྲོང་གསེབ་དར་རྒྱས་དང་ཟུང་འབྲེལ། སྤྱི་ཚོགས་བཅོས་སྐྱོང་དང་ཟུང་འབྲེལ་བྱས་ནས། སྲིད་གཞུང་གིས་རམ་འདེགས་དང་མང་ཚོགས་ཀྱིས་གླུ་གར་འཁྲབ་པ་བཅས་བྱས་ནས། འཚོ་བ་དང་དོན་དངོས་དང་ཉེ་བར་བཅར་ལ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་མང་ཚོགས་ལ་སློབ་གསོ་གཏོང་བ་དང་། མང་ཚོགས་ལ་ཁྲིད་སྟོན་བྱེད་པ། མང་ཚོགས་ཀྱི་ཤེས་དཔལ་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་པས། སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མཐོ་རུ་གཏོང་བར་བྱས་ཡོད།རྒྱུས་ལོན་བྱུང་བ་ལྟར་ན།ཟླ10པའི་ཚེས5ཉིན་གྱི་དུས་ཚོད་19:00-20:00ཐོག་ བོད་གཞས་གླུ་གར་རུ་ཁག་གི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མཐུན་ཚོགས་ཀྱིས་མི་རིགས་ཀྱི་དམངས་ཁྲོད་གླུ་གར་རྒྱུན་རྣམ་ཅན་གྱི་འཁྲབ་སྟོན་བྱ་རྒྱུ་དང་།དུས་ཚོད་20:00-20:30 བར་ གངས་ཕྲུག་ཚན་སྡེབ་དང་སྒྲོལ་མ་ལ་ཚན་སྡེབ།དེ་བཞིན་བློ་བཟང་གཡང་འཛོམས་སོགས་གར་སྟེགས་ཐོག་བསྐྱོད་དེ་ས་གནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་གཏོང་རྒྱུ། དུས་ཚོད་20:30-22:30 བར་དགའ་སྤྲོ་འཆམ་མཐུན་གྱི་ཤམ་བྷ་ལ་ཞེས་པའི་མེ་ཕུང་མཚན་ཚོགས་འཚོགས་རྒྱུ་རེད།