ཉིན་འདི་གཉིས་ཀྱི་ཟླ་འོད་ཐང་ཆེན་ཐོག་གི་འཁྲབ་སྟོན་ངོ་མཚར་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའོ་འཕྲིན།  ཟླ་10པའི་ཚེས་2ཉིན་གྱི་དགོང་མོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་རྒྱལ་ཐང་སྐོར་བྲོ་འཁྲབ་སྟོན་བྱས་པ་དང་། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་ལྟད་མོ་ལྟ་བཞིན་ཡོད་པ་མ་ཟད་དེའི་ནང་ཞུགས་ཡོད་པ་རེད།

        ཚེས་3ཉིན་གྱི་དགོང་མོར།  ལི་སུའུ་རིགས་ཀྱི་གླུ་གར་རུ་ཁག་གིས་2020ལོའི་སེམས་ཀྱི་ཉི་ཟླ་རིག་གནས་ཡུལ་སྐོར་ཟླ་བའི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མཐུན་ཚོགས་ཀྱི་མི་རིགས་དམངས་ཁྲོད་གླུ་གར་རྒྱུན་རྣམ་ཅན་འགྲེམ་སྟོན་ཁྲོད་ཀྱི་འཁྲབ་སྟོན་རུ་ཁག་དྲུག་པ་བྱས་ནས་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་འཁྲབ་སྟོན་བྱས་པ་རེད།