གུང་གསེང་སྐབས་གུས་པ་འོས་པའི་མི་ཚོགས་འདི་འདྲ་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་ཉིན་8ནི་མི་མང་པོ་ཞིག་ལ་བཤད་ན་སྤྲོ་གསེང་ལྷོད་གཡེང་གི་ཉིན་མོ་ཡིན་ལ།   གྲོང་མི་ལ་ལས་ཁྱིམ་དུ་ངལ་གསོ་རྒྱབ་པ་དང་ལ་ལས་ག་ས་གང་དུ་འཆམ་འགྲོ་བཞིན་ཡོད། ཡིན་ནའང་མི་ཚོགས་འདི་འདྲ་ཞིག་གིས་ངལ་གསོའི་དུས་ཚོད་དོར་ནས་སྔར་བཞིན་རང་ཉིད་ཀྱི་ལས་གནས་ཐོག་འབད་འཐབ་བྱས་ཡོད་པ་རེད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧོ་ཞང་ཁོར་ཡུག་སྲུང་སྐྱོང་ས་ཚིགས་ཀྱི་ཁོར་ཡུག་སྲུང་སྐྱོང་བཟོ་པ་500ལྷག་གིས་ལས་གནས་བརྟན་སྲུང་བྱས་ཏེ་གྲོང་ཁུལ་གྱི་གཙང་སྦྲའི་ལས་དོན་སྒྲུབ་ཡོད།

        རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་དུ་སེམས་ཀྱི་ཉི་ཟླའི་མེ་འཁོར་ས་ཚིགས་འཛུགས་སྐྲུན་ལས་ཡུལ་དུ་བཟོ་པ་རྣམས་ཀྱིས་ལས་སྣོན་བྱས་ནས་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་ལྕགས་ལམ་གྱི་མེ་འཁོར་ས་ཚིགས་སྐྲུན་བཞིན་ཡོད་པ་རེད།

        རྒྱལ་སྟོན་གུང་གསེང་རིང་། བདེ་ཆེན་ཁུལ་རིམས་ནད་སྔོན་འགོག་ལྟེ་གནས་ཀྱི་ལས་བྱེད་མི་སྣས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་སུམ་རྩེན་གླིང་ལྗོངས་ཁུལ་སོགས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དང་དྭངས་གཙང་དུག་སེལ་ཁྱོན་ཡོངས་ལ་ཁྱབ་པའི་བྱ་སྤྱོད་ཀྱི་ཡུལ་དངོས་ནས་མཛུབ་ཁྲིད་བྱས་པ་རེད།

        གུང་གསེང་སྐབས།  ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་དུམ་བུའི་རྣམ་གྲངས་ཁག་གི་ཨར་ལས་འཐབ་ཕྱོགས་དང་པོར་ཚང་མས་ལས་གནས་བརྟན་སྲུང་བྱས་ཡོད་པ་དང་།བདེ་འཇགས་ཀྱི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  མྱུར་ཚད་དམ་འཛིན་དང་། དུས་ཚོད་དམ་འཛིན། ལས་ཆོད་དམ་འཛིན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྣམ་གྲངས་ཁག་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།

        ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་གི་རིང་ལ།  སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་བཟོ་པ་དང་དོ་དམ་མི་སྣ་ཕལ་ཆེར་མི་3000གིས་ངལ་གསོའི་དུས་ཚོད་དོར་ནས་རང་ཉིད་ཀྱི་ལས་གནས་ཐོག་བརྟན་སྲུང་བྱས་ཡོད་པ་རེད།