རྒྱལ་སྟོན་གུང་གསེང་གི་ཉིན་དང་པོར་བདེ་ཆེན་ལ་ཡུལ་སྐོར་བ་ཁྲི་4.2ཟིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  རྒྱལ་སྟོན་གུང་གསེང་གི་ཉིན་དང་པོར་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི་4.248སྣེ་ལེན་བྱས་པ་དང་། ལྗོངས་ཁུལ་ཁག་གི་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་ཆེས་ཆེར་འཕར་ཡོད་དེ། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་ཡུལ་སྐོར་བ་3800ལྷག་སྣེ་ལེན་བྱས་པ་དང་།  སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་4600ལྷག་སྣེ་ལེན་བྱས་པ་རེད།

        བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣའི་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9པའི་ཚེས་30ཉིན་དུ་ཡུལ་སྐོར་བ་མི་ཐེངས་3.425སྣེ་ལེན་བྱས་པའི་གྲངས་གཞི་ནས་བལྟས་ན། སྔོན་དཔག་བྱས་ན་སླད་ཕྱིན་ཉིན་ཤས་རིང་རང་ཁུལ་གྱི་ཡུལ་སྐོར་བའི་གྲངས་འབོར་རིམ་བཞིན་མང་དུ་འགྲོ་རྒྱུ་ཡིན་པ་རེད།  ད་ལོའི་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་གཉིས་མཉམ་དུ་འཛོམས་པས་གུང་གསེང་ཉིན་8ཡོད་པ་དང་། ཡུལ་སྐོར་བ་ཕྱིར་སྐྱོད་ལ་རྒྱང་རིང་ཡུལ་སྐོར་དང་ཕ་མེས་ཡུལ་སྐོར། ཁྱིམ་ཚང་གི་ཕྱིར་སྐྱོད་བཅས་ཀྱི་རྣམ་པ་ཐོན་ཡོད། ལྷག་པར་དུ་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པ་དེ་རྒྱ་ཆེའི་ཡུལ་སྐོར་བ་ཕྱིར་སྐྱོད་པའི་བྱ་ཐབས་ཡག་ཤོས་སུ་གྱུར་ནས་སེམས་ཀྱི་ཉི་ཟླ་ནས་འཇོལ་རྫོང་གི་ཡུལ་སྐོར་ལམ་ཐིག་ལ་རྒྱ་ཆེའི་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།