གཡག་རྭའི་གནའ་བོའི་གཞས་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་ཁྱབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་30ཉིན་གྱི་དགོང་མོར། གཡག་རྭའི་གནའ་བོའི་གཞས་ཀྱི་རུ་ཁག་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཟླ་འོད་ཐང་ཆེན་དུ་འཁྲབ་སྟོན་བྱས་པ་དང་།  འཁྲབ་སྟོན་མི་སྣ་དག་གིས་གཞས་ནས་བདེ་སྐྱིད་ཀྱི་འཚོ་བ་ལ་བསྟོད་གླུ་ལེན་པ་དང་སྙིང་དབུས་ཀྱི་སྤྲོ་སྣང་མཚོན་པ་རེད།

        ཡུལ་དངོས་སུ་འཁྲབ་སྟོན་རུ་ཁག་གིས་སྙན་འཇེབས་ལྡན་པའི་གླུ་དབྱངས་དང་མཚར་སྡུག་ལྡན་པའི་བྲོ་གར་གྱིས་ཏང་དང་མེས་རྒྱལ་ལ་བཅངས་པའི་བཀའ་དྲིན་དང་སྨོན་འདུན་མཚོན་པ་མ་ཟད། ས་གནས་དེ་གའི་གཞས་པ་ཚོ་ཡིས་ཀྱང་བཀྲ་ཤིས་བདེ་ལེགས་ཞེས་པ་སོགས་ཀྱི་གླུ་དབྱངས་ལེན་པ་རེད།