ཉིན་འདི་དག་ལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་ལྟད་མོ་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་སླེབས་ལ་ཉེ་བའི་སྐབས། དགའ་སྤྲོ་ཁེངས་པའི་དུས་ཆེན་གྱི་སྣང་ཚུལ་གཏོད་པ་དང་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་བ། རང་ཁུལ་གྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་དང་དངོས་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན་བྱེད་པའི་ཆེད་དུ།2020ལོའི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་ཟླ་བའི་བྱེད་སྒོ་དེ་ཟླ་9པའི་ཚེས་28ཉིན་ནས་བཟུང་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་མི་རིགས་དམངས་ཁྲོད་གླུ་གར་རྒྱུན་རྣམ་ཅན་གྱི་འགྲེམས་སྟོན་དང་གླུ་གར་དགོང་ཚོགས་འཚོགས་རྒྱུ་རེད།

        བྱེད་སྒོ་དེ་ནི་ཟླ་9པའི་ཚེས་28ཉིན་ནས་ཟླ་10པའི་ཚེས་6ཉིན་བར་གྱི་དགོང་མོའི་ཆུ་ཚོད་7པའི་ཐོག་སྤེལ་རྒྱུ་ཡིན་པ་དང་།  ཡུལ་དངོས་སུ་འཇང་རིགས་གླུ་གར་རུ་ཁག་དང་རྫ་ཆུའི་ཆུ་རྒྱུད་ཀྱི་གླུ་གར་རུ་ཁག  གཡག་རྭའི་གནའ་བོའི་གཞས་ཀྱི་རུ་ཁག འབྲི་ཆུའི་ཆུ་རྒྱུད་ཀྱི་སྐོར་བྲོའི་རུ་ཁག  རྒྱལ་ཐང་སྐོར་བྲོའི་རུ་ཁག ལི་སུའུ་རིགས་ཀྱི་གླུ་གར་རུ་ཁག བོད་ཀྱི་བྱམས་གླུའི་རུ་ཁག བོད་གཞས་རུ་ཁག   དབྱི་རིགས་གླུ་གར་རུ་ཁག་བཅས་རུ་ཁག་གི་འཁྲབ་སྟོན་ཐེངས་8ཡོད་པ་རེད།