བདེ་ཆེན་གྱིས་ཁྱེད་ལ་དངོས་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་མྱོང་རོལ་བྱེད་པར་གདན་འདྲེན་ཞུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-29   རྩོམ་ཁུངས།    ཤིན་ཧྭ་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དངོས་མིན་རིག་གནས་ཤུལ་བཞག་ནི་རང་རྒྱལ་གྱི་སྲོལ་རྒྱུན་རིག་གནས་ཀྱི་ཕུལ་བྱུང་མཚོན་བྱེད་ཡིན་ལ། རིག་གནས་སྣ་མང་རང་བཞིན་གྱི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན།  རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས“དངོས་མིན་རིག་གནས་ཤུལ་བཞག+ཡུལ་སྐོར”ལས་ཡུལ་སྐོར་བ་དེ་བས་མང་བས་དངོས་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱུང་ཡོད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནང་ཁོངས་སུ་རྒྱ་རིགས་དང་བོད་རིགས། ལི་སུའུ་རིགས། འཇང་རིགས། པའེ་རིགས་སོགས་མི་རིགས་25འཚོ་གནས་བྱེད་ཡོད་པ་དང་། མི་རིགས་སོ་སོས་སྤྱི་ཚོགས་ཀྱི་ལོ་རྒྱུས་འཕེལ་རིམ་རིང་པོའི་ནང་བདེ་ཆེན་གྱི་འོད་སྟོང་འཕྲོ་བའི་སྲོལ་རྒྱུན་རིག་གནས་བཏོད་ཡོད།

དངོས་མིན་རིག་གནས་ཤུལ་བཞག་འོས་སྦྱོར་རྣམ་གྲངས་བོད་ཀྱི་སྐོར་བྲོ།

དངོས་མིན་རིག་གནས་ཤུལ་བཞག་འོས་སྦྱོར་རྣམ་གྲངས་བོད་ཀྱི་གཞས།

         2019ལོའི་ཟླ་12པའི་ཚེས་30ཉིན།  བདེ་ཆེན་ཁུལ་དུ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་རྣམ་གྲངས་8དང་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་རྣམ་གྲངས་29   ཁུལ་རིམ་པའི་དོངས་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་རྣམ་གྲངས་120   རྫོང་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་རྣམ་གྲངས་54ཡོད།  ཕུན་སུམ་ཚོགས་པོའི་དངོས་མིན་རིག་གནས་ཤུལ་བཞག་དང་དངོས་མིན་རིག་གནས་ཤུལ་བཞག་མྱོང་རོལ་བྱེད་སྒོ་དེ་ཡུལ་སྐོར་བས་བདེ་ཆེན་དུ་ཡུལ་སྐོར་བྱེད་པའི་བྱ་ཐབས་གསར་པ་ཞིག་ཏུ་གྱུར་ཡོད།

དངོས་མིན་རིག་གནས་ཤུལ་བཞག་འོས་སྦྱོར་རྣམ་གྲངས་ལི་སུའུ་རིགས་ཀྱི་ཨ་ཁྲི་མུའུ་ཀྭ

        ཤེས་གསལ་བྱུང་དོན།  ད་ལོའི་ཟླ་7པ་ནས་བཟུང་།  བདེ་ཆེན་གྱིས་མི་རིགས་དམངས་ཁྲོད་གླུ་གར་རྒྱུན་རྣམ་ཅན་འགྲེམ་སྟོན་རྒྱུས་འཛིན་བྱེད་སྒོ་མང་པོ་སྤེལ་ཡོད་པ་དང་།    རིག་གནས་ཡུལ་སྐོར་ཟུང་འབྲེལ་གྱི་བཀྲག་མདངས་འཚེརས་གསར་པ་བཞེངས་སྐྲུན་བྱས་ཡོད་དེ།  ཡུལ་སྐོར་བ་རྣམས་ཀྱིས་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་བདེ་ཆེན་གྱི་ས་གནས་སོ་སོ་ནས་ཡོང་བའི་འགྲེམ་སྟོན་རུ་ཁག་གི་ངོ་མཚར་ཆེ་བའི་འཁྲབ་སྟོན་མྱོང་རོལ་བྱེད་ཐུབ་པ་དང་མི་རིགས་མི་འདྲ་བའི་གླུ་གར་རིག་གནས་མྱོང་ཚོར་བྱེད་ཐུབ་པ་རེད།

དངོས་མིན་རིག་གནས་ཤུལ་བཞག་འོས་སྦྱོར་རྣམ་གྲངས་བོད་ཀྱི་རྫ་ནག་བཟོ་རྩལ།

དངོས་མིན་རིག་གནས་ཤུལ་བཞག་འོས་སྦྱོར་རྣམ་གྲངས་བོད་སྤོས་བཟོ་རྩལ།