རྔ་བ་ཁུལ་ཟུང་ཆུ་རྫོང་གི་ཚོན་ཅན་ལྒང་བཞུའི་འདུ་ཚོགས་སྐབས་བཞི་བ་མཇུག་བསྒྲིལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-28   རྩོམ་ཁུངས།    མི་དམངས་དྲ་བ།

        ཉེ་ཆར། བསྟུད་མར་ཉིན་3ལ་སྤེལ་བའི་ཟུང་ཆུ་རྫོང་གི་སྐབས་བཞི་པའི་གནའ་གྲོང་གི“ཚོན་ཅན་ལྒང་བཞུའི་འཁྲབ་སྟོན། བརྩེ་བ་ཟུང་ཆུར་འདུས་པ”ཞེས་པའི་བརྗོད་དོན་གཙོ་བོའི་ཚོན་ཅན་ལྒང་བཞུའི་འདུ་ཚོགས་ཀྱིས“བརྩེ་བ་ཟུང་ཆུ་རུ་འདུས་པ་དང་ལྒང་བཞུ་གཅིག་གི་བསྒྲགས་གཏམ”ཞེས་པའི་ཚོན་ཅན་ལྒང་བཞུ་མཉམ་སྤྲོ་ཆེན་མོའི་བྱ་དགའ་སྤྲོད་པའི་མཚན་ཚོགས་བསུས་པ་དེས་ལྟད་མོ་བའི་ཡིད་ཀྱི་དང་བ་དབང་མེད་དུ་དྲངས་ཡོད།
         མཛེས་སྡུག་ལྡན་པའི་ཚོན་ཅན་ལྒང་བཞུས་ཟུང་ཆུ་རྫོང་གི་མི་རིགས་མཐུན་སྒྲིལ་མཚོན་ཡོད་ལ། ཐུན་མོང་དར་རྒྱས་ཀྱི་དུས་རབས་ཀྱི་རྣམ་པ་གསར་པ་མངོན་པར་བྱས་ཡོད། ཚོན་ཅན་ལྒང་བཞུ་ལ་མཉམ་འདྲེས་དང་གསར་གཏོད་བྱས་པ་བརྒྱུད་ཐུན་མོང་མ་ཡིན་པའི་རྣམ་པའི་ཐོག་ནས་ཚོན་ཅན་ལྒང་བཞུའི་མཛེས་སྡུག་མངོན་པར་བྱས་ཡོད། ཉིན་གསུམ་རིང་འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། སྲོལ་རྒྱུན་གྱི་ཚོན་ཅན་ལྒང་བཞུའི་ཞབས་བྲོ་འགྲན་བསྡུར་དང་། གསར་གཏོད་རྣམ་པའི་ཚོན་ཅན་ལྒང་བཞུའི་ཞབས་བྲོ་འགྲན་བསྡུར། ཚོན་ཅན་སྒྲོན་མེ་བཟོ་བའི་འགྲན་བསྡུར་ཆེ་མོ། མིང་ཏིང་བུམ་པ་སྟེ་བརྙན་ཐུང་གསར་རྩོམ་འགྲན་བསྡུར་ཆེ་མོ་བཅས་ཀྱི་བྱ་དགའ་ཐོབ་མཁན་དཔྱད་འདེམས་བྱས་པ་མ་ཟད། ཁོང་ཚོར་གཟི་བརྗིད་མཚན་སྙན་གྱི་བྱ་དགའ་ཡང་སྤྲད་པ་རེད།
         མཚན་ཚོགས་ཐོག་ལེ་ཚན་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་དེ། བྱ་དགའ་ཐོབ་པའི་བརྙན་ཐུང་དང་བྱ་དགའ་ཐོབ་པའི་བརྩམས་ཆོས་འགྲེམས་སྟོན་འཁྲབ་སྟོན་སོགས་བྱས་པ་བརྒྱུད་འཁྲབ་སྟོན་པས་གང་དགར་འཁྲབ་སྟོན་བྱས་པ་དང་ལྟད་མོ་བ་ཚོས་སྤྲོ་སེམས་འཁོལ་བའི་ངང་དགའ་འབོད་བྱས་པས། མཚན་ཚོགས་དེ་བས་གཟབ་རྒྱས་དང་། ཕུན་སུམ་ཚོགས་པ། དགའ་སྤྲོ་རབ་ཏུ་འཁོལ་བ་ཞིག་བྱུང་ཡོད། བྱ་དགའ་ཐོབ་པའི་ཚོགས་པ་ནི་དེ་བས་ཀྱང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། སྤྲོ་སྣང་དང་སྤོབས་སེམས་རང་དབང་མེད་པར་ཁོངས་མི་ཚང་མའི་ངོ་གདོང་དུ་མངོན་ཡོད་དེ་སོ་སོས་འཁྲབ་སྟོན་ལ་ཧ་ཅང་ཡིད་ཚིམ་འདུག    
མཛད་སྒོའི་ཐོག་ད་དུང་སི་ཁྲོན་གྱི་བོད་རིགས་གཞས་པ་ཀུན་དགའ་གདན་དྲངས་ཡོད་ལ། ཁོང་གི《སྒྲོན་མེ་གཅིག་གི་ཁ་ཆད》ཅེས་པ་དེས་མཚན་ཚོགས་ལ་མཐོ་རླབས་འཕྱུར་བཅུག་ཡོད་པ་དང་། མི་རྣམས་ཀྱིས་དགའ་འབོད་བྱས་ཏེ་ཐང་ཆེན་གང་བོ་དགའ་སྤྲོའི་མྱོས་ཡོད། ལྒང་བཞུ་གཅིག་གིས་རེ་བ་དང་ཕུགས་འདུན་མཚོན་ཡོད། ཟུང་ཆུའི་བུ་ཕྲུག་ཚོའི་དུས་རབས་གསར་པར་བསྟོད་གླུ་བླངས་བ་མཚོན་པ་དང་། ཟུང་ཆུ་བས་ཚོན་ཅན་ལྒང་བཞུར་བཅོལ་བའི་བདེ་སྐྱིད་དང་སྤྲོ་སེམས་མཚོན་ཡོད། ང་ཚོ་ལྒང་བཞུ་གཅིག་གིས་སྦྲེལ་ཏེ་ལོ་ངོ་སྟོང་གི་གནའ་གྲོང་འདིའི་མཛེས་སྡུག་ལྡན་པའི་གཏམ་རྒྱུད་ཉན་པ་དང་། ང་ཚོས་ལྒང་བཞུ་ལ་བདེ་སྐྱིད་དང་ལོ་ལེགས་ཡོང་བའི་ཁ་ཆད་བཞག་ཡོད།
         “ཚོན་ཅན་ལྒང་བཞུའི་འཁྲབ་སྟོན། བརྩེ་བ་ཟུང་ཆུ་རུ་འདུས་པ”ཞེས་པའི་ཟུང་ཆུ་རྫོང་གི་སྐབས་བཞི་པའི་གནའ་གྲོང་གི་ཚོན་ཅན་ལྒང་བཞུའི་འདུ་ཚོགས་ལ་མངོན་མིན་རིག་གནས་ཤུལ་བཞག་སྟེ་སྲོལ་རྒྱུན་གྱི་ཚོན་ཅན་ལྒང་བཞུའི་ཞབས་བྲོའི་ཉམས་འགྱུར་དང་ཀྲུང་གོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འདུས་ཡོད། ཉིན་འདི་ནི་ཟུང་ཆུའི་ཚོན་ཅན་ལྒང་བཞུའི་འདུ་ཚོགས་ཡིན་པ་མ་ཟད། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཡང་ཡིན། ཟུང་ཆུ་མི་རིགས་ཁག་གི་མི་དམངས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ཚོན་ཅན་ལྒང་བཞུའི་ཞབས་བྲོར་བརྟེན་ནས་ཕྱི་ཕྱོགས་སུ་ཟུང་ཆུའི་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་མངོན་པར་བྱས་ཡོད་པ་དང་། ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་ལ་བརྟེན་ནས་ལྟད་མོ་བ་ཚོར་གནའ་གྲོང་འདིའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱས་ཡོད།
         ད་ཐེངས་ཀྱི་འདུ་ཚོགས་འདི་ནི་ཟུང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་ལས་རིགས་ལ་གཞི་ཚུགས་ཡོད་ཅིང་། སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་གྱི་རྣམ་པའི་ཐོག་ནས་ཟུང་ཆུ་རྫོང་འཕེལ་རྒྱས་ཡག་པོ་འགྲོ་བའི་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་བློ་སྟོབས་མངོན་ཡོད། མཐའ་མར། ཟུང་ཆུ་རྫོང་གི་སྐབས་བཞི་པའི་གནའ་གྲོང་གི་ཚོན་ཅན་ལྒང་བཞུ་འདུ་ཚོགས་དེ་རྫོང་ཡོངས་ཀྱི་བོད་རིགས་དང་། ཆའང་རིགས། ཧུའེ་རིགས། རྒྱ་རིགས་སོགས་མི་རིགས་མང་པོའི་ཚོན་ཅན་ལྒང་བཞུའི་མཉམ་འཛོམས་ཁྲོད་མཇུག་རྫོགས་ཤིང་། རོལ་དབྱངས་སྙན་མོ་དང་མི་རྣམས་ཀྱི་དགའ་འབོད་གནའ་གྲོང་གི་མཁའ་དབྱིངས་སུ་དུས་ཡུན་རིང་པོར་ཁྱབ་ནས་འདུག