འཇོལ་ནས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་བསྡུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ9པའི་ཚེས25ཉིན།འཇོལ་ནས་མི་རིགས་མཐུན་སྒྲིལ་གྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་འགོ་ཚུགས་པ་རེད།འཇོལ་རྫོང་ཡུན་ལིང་ཤང་གི་རུ་ཁག་3དང་ཧྥོ་ཧྲན་ཤང་ལྕགས་ཕུགས་རུ་ཁག  ཧྲེང་ཕེང་རུ་ཁག གཡག་རྭ་ཤང་རྒྱ་སྒང་གྲོང་ཚོའི་གཉན་སྨད་རུ་ཁག་སོགས་ཨ་གདོང་གྲོང་ཚོའི་པི་ཝང་རུ་ཁག་དང་ཉིན་གཅིག་དང་ཕྱེད་ཀའི་རིང་གི་འཇོལ་གཞས་འཁྲབ་སྟོན་དང་བརྗེ་རེས་བྱས་པ་རེད། སྙན་ཞིང་འཇེབས་པའི་གཞས་དང་།ཉམས་ཀྱིས་ཕྱུག་པའི་གར་གྱི་སྟངས་སྟབས་ཀྱིས་ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཚད་མེད་ཐོབ་པ་དང་། ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་ཨ་གདོང་གྲོང་ཚོའི་གཞས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།

    མི་རིགས་ཀྱི་རིག་གནས་ནི་འཛམ་གླིང་གི་རིག་གནས་ཡིན། ལོ་ངོ་སྟོང་གི་ལོ་རྒྱུས་རྒྱུན་འཛིན་བྱས་པའི་གཞས་དེ་འཇང་རིགས་དང་། ལི་སུའུ་རིགས། ནུའུ་རིགས། ཏུའུ་ལུང་རིགས། དབྱིས་རིགས། པའེ་རིགས། བོད་རིགས་བཅས་འདུས་སྡོད་ཁུལ་དུ་ཇ་རྟ་གནའ་ལམ་གྱི་ཚོང་འགྲུལ་དང་།ཡང་ན་ཁ་ནས་བརྒྱུད་དེ་ད་ཆའི་སྐད་འཕྲིན་དང་། འདར་སྒྲ་སོགས་དེང་རབས་སྨྱན་སྦྱོར་བརྒྱུད་ནས། གདོད་མའི་བོད་རིགས་ཀྱི་རོལ་དབྱངས་དང་ཞབས་བྲོའི་གཞི་རྒྱུ་དེ་སྒྱུ་རྩལ་གསར་རྩོམ་གྱི་ས་ཆར་གྱུར་ཡོད། ཐེངས་འདིའི་བྱ་འགུལ་འདིས་འཇོལ་གཞས་སྤེལ་རེས་དང་འཕེལ་རྒྱས་ཀྱི་དུས་རབས་གསར་པ་བཏོད་པ་དང་། གཞས་ཀྱི་གྲུབ་ཚུལ་དེ་ཚིག་ཉུང་ཞིང་གདངས་སྙན་ཞིང་འཇེབས་པ། གཞས་ཀྱི་རྣམ་གྲངས་ཕུན་སུམ་ཚོགས་པ་དང་གར་གྱི་སྟངས་སྟབས་ཉམས་ཀྱིས་ཕྱུག་པའི་དངོས་མིན་རིག་གནས་ཤུལ་བཞག་དེ་སྲུང་སྐྱོང་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས།བོད་གཞས་དུས་རབས་ཀྱི་ནང་དོན་ཟམ་མི་ཆད་པར་བསྣན་པས་མཚོན་ཚུལ་ཕུན་སུམ་ཚོགས་སུ་ཕྱིན་ཡོད། 

    རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་གྲོང་གསེབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འཕེལ་རིམ་ཁྲོད་ཀྱི་འཚོ་བ་དང་། བསམ་བློའི་བརྩེ་དུང་། མཛེས་དཔྱོད་ལྟ་བ། སྒྱུ་རྩལ་གྱི་འདོད་ཕྱོགས་བཅས་མཚོན་པར་བྱས་ཡོད་ལ། ཀུན་སྤྱོད་སློབ་གསོར་བརྟེན་ནས་བདེན་ལེགས་མཛེས་གསུམ་དར་སྤེལ་གཏོང་བ་དང་དྲང་ནུས་བརྒྱུད་སྤེལ་བྱས་ཡོད།