སེམས་ཀྱི་ཉི་ཟླའི་ཀྲུང་ཧའོ་རི་སྐྱེས་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་རྟེན་གཞིར་སྨན་རྩྭའི་སྐྱེ་ཚུལ་བཟང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་17ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྲུང་ཧའོ་རི་སྐྱེས་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་ཚད་ཡོད་འགན་འཁྲི་ཀུང་སིའི་ཀྲུང་ལུགས་སྨན་རྩྭ་རྟེན་གཞིའི་ནང་། མུའུ་60ལྷག་ཙམ་གྱི་ས་ཞིང་ནང་འདེབས་པའི་ལོ་གཅིག་ལ་མ་སླེབས་པའི་ཀྱི་ལྕེའི་སྐྱེ་ཚུལ་བཟང་བ་དང་། གྲོང་མི་མི་ཉུང་བ་ཞིག་གིས་རྟེན་གཞིའི་ནང་དུ་རྩྭ་ངན་བཀོག་པ་དང་ལུད་རྒྱག་པའི་ལས་ལ་བྲེལ་བཞིན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། རྟེན་གཞི་དེས་གཙོ་བོར་རུ་རྟ་དང་། ཀྱི་ལྕེ་སོགས་འདེབས་འཛུགས་བྱས་ཡོད།ད་ལོར་འདེབས་འཛུགས་བྱས་པའི་ཀྱི་ལྕེ་སང་ལོའི་ཟླ་11པར་བསྡུ་ཆོག་པ་རེད།