ཐོབ་ཐང་དཔང་ཡིག་གི་ཨང་གྲངས་འདི་དག་གིས་ཅི་ཞིག་མཚོན་མིན་ཤེས་སམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-24   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།


        ཐོབ་ཐང་དཔང་ཡིག་ནི་རྒྱུན་ལྡན་འཚོ་བའི་ཁྲོད་ཕྱོགས་གང་ཐད་ནས་བཀོལ་སྤྱོད་ཆེ་བའི་དཔང་ཡིག་ཅིག་ཡིན། ཡིན་ནའང་དེའི་སྟེང་གི་ཨང་གྲངས་བཅོ་བརྒྱད་ཀྱིས་ཅི་ཞིག་མཚོན་མིན་ཤེས་མཁན་ཤིན་ཏུ་ཉུང་ཉུང་རེད།སྤྱིར་ཐོབ་ཐང་དཔང་ཡིག་གི་ཨང་གྲངས་ནི་ཨང་ཀི་བཅོ་བརྒྱད་ཀྱིས་གྲུབ་པ་དང་།   ཨང་ཀི་དེ་དག་རེ་རེ་ལའང་མཚོན་དོན་མི་འདྲ་བ་རེ་རེ་ཡོད།  

        ༡ ཨང་ཀི་དང་པོ་དང་གཉིས་པས། རང་གང་དུ་གཏོགས་པའི་ཞིང་ཆེན་དེ་མཚོན།

        ༢ ཨང་ཀི་གསུམ་པ་དང་བཞི་བས། རང་གང་དུ་གཏོགས་པའི་གྲོང་ཁྱེར་དེ་མཚོན།

        ༣ ཨང་ཀི་ལྔ་བ་དང་དྲུག་པས།  རང་གང་དུ་གཏོགས་པའི་ཁུལ་དང་རྫོང་དེ་མཚོན།

        ༤ཨང་ཀི་བདུན་པ་ནས་བཅུ་བཞིའི་བར་གྱིས་རང་གི་སྐྱེས་སྐར་མཚོན་པ་ཡིན་ཏེ། བདུན་པ་དང་བརྒྱད་པ། དགུ་བ། བཅུ་བ་བཅས་ཀྱིས་ལོ་དང་། བཅུ་གཅིག་དང་བཅུ་གཉིས་གཉིས་ཀྱིས་ཟླ་དང་། བཅུ་གསུམ་དང་བཅུ་བཞིས་ཚེས་གྲངས་མཚོན་པ་ཡིན།

        ༥ཨང་ཀི་བཅོ་ལྔ་དང་བཅུ་དྲུག་པས། རང་གང་དུ་གཏོགས་པའི་ཡུལ་དེའི་མངག་གཏོང་ཁང་མཚོན།

        ༦ཨང་ཀི་བཅུ་བདུན་པས།  ཕོ་མོ་གང་ཡིན་མཚོན་པ་ཡིན་ཏེ། ཨང་ཀི་ཡ་ཅན་ཕོ་དང་ཆ་ཅན་མོ་ཡིན།

        ༧ཨང་ཀི་བཅོ་བརྒྱད་པས། དག་བཤེར་ཨང་མཚོན་པ་ཡིན། སྐབས་རེར་དག་བཤེར་ཨང་ཀིའི་ཚབ་ཏུ་"X"འདི་བྲིས་པའང་ཡོད།