༄༅།།ནང་ཆེན་རྫོང་གི་ཡིག་མཁན་འཇམ་ཆུང་དང་ཁོའི་ཡིག་གཟུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-23   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

         ཡིག་མཁན་འཇམ་ཆུང་ནི་ནང་ཆེན་རྫོང་གི་ཡིན། མཚོ་སྔོན་ཞིང་ཆེན་ཡིག་གཟུགས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་མི། ཡུས་ཧྲུའུ་ཁུལ་ཡིག་གཟུགས་པའི་མཐུན་ཚོགས་ཀྱི་དྲུང་ཡིག་བཅས་དང་ནང་ཆེན་རྫོང་ན་ཆུང་སློབ་མའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་སུ་ཡིག་གཟུགས་དགེ་རྒན་གྱི་འགན་ཁུར་ཡོད། ད་བར་དུ་དགེ་རྒན་གྱི་ལས་ཀ་གཉེར་ནས་མི་ལོ་ཉེར་ལྔ་ལྷག་གི་ནང་དུ། ཡིག་གཟུགས་འབྲི་སྦྱོང་ལ་རྒྱུན་འཁྱོངས་དང་ཧུར་བརྩོན་བྱས་ཤིང་སྐལ་ལྡན་སློབ་བུ་བརྒྱ་ཕྲག་མང་པོར་བྲིས་ཀྱི་སློབ་ཁྲིད་བྱས།ཁོང་གི་ཡིག་གཟུགས་བརྩམས་ཆོས་ཁག་ལ་སྔ་རྗེས་སུ་རྒྱལ་ཡོངས་དང་ཞིང་ཆེན།ས་གནས་སོགས་རིམ་པ་དུ་མའི་བྱ་དགའ་ཐོབ་མྱོང་།ད་དུང་མུ་མཐུད་དུ་སློབ་གསོའི་བྱ་བ་དང་ཤུལ་བཞག་རིག་གནས་རྩ་ཆེན་འདི་ཉམས་པ་སོར་ཆུད་མ་ཉམས་གོང་འཕེལ་གཏོང་བའི་ལས་སུ་དམ་བཅའ་བརྟན་པོས་ཧུར་ལེན་བྱེད་བཞིན་མཆིས།