སེམས་ཀྱི་ཉི་ཟླའི་ཞོག་ཁོག་མུའུ་རེར་ཐོན་ཚད་སྤྱི་རྒྱ་2410ཟིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ་འཕྲིན།   ཉེ་ཆར།  སེམས་ཀྱི་ཉི་ཟླའི་མཐོ་སྒང་ས་ཁུལ་དུ་བཏབ་པའི་ཞོག་ཁོག་བརྔ་བསྡུའི་དུས་ལ་སླེབས་ཏེ། ཞིང་ནང་དང་མུ་ཁར་རྒྱགས་པའི་ཞོག་ཁོག་མང་པོ་ཐོན་ཞིང་། ཞིང་པ་རྣམས་ལ་ལས་གདམ་གསེས་དང་ལ་ལས་ཁུག་མའི་ནང་དུ་བཅུག་པ་དང་ལོ་ལེགས་བྱུང་བའི་སྤྲོ་སྣང་དེ་དགོད་སྒྲས་ཁེངས།

        ཟླ་9པའི་ཚེས་21ཉིན།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོའི་བདེ་ཆེན་ཁུལ་ཞིང་ལས་ཚན་རིག་ཁང་གི་2020ལོའི་ལྗང་མདོག་སྤུས་ལེགས་ཕན་ཆེའི་ཞོག་ཁོག་དཔེ་སྟོན་རྟེན་གཞིར་ཡུལ་དངོས་ཀྱི་ཐོན་འབབ་ཚད་ལེན་ཞིབ་བཤེར་རྩིས་ལེན་དང་དེ་བཞིན་འཕྲུལ་ཆས་ཅན་གྱི་བསྡུ་བར་བསུ། ཁུལ་རིམ་པའི་ཆེད་མཁས་པའི་ཚོ་ཆུང་གིས་ཡུལ་དངོས་ནས་ཐོན་འབབ་ཚོད་རྩིས་བྱས་པ་བརྒྱུད་། མུའུ་600ཡི་ལྟེ་བའི་དཔེ་སྟོན་ཁུལ་གྱི་མུའུ་རེའི་ཆ་སྙོམས་ཐོན་ཚད་སྤྱི་རྒྱ་2410.28ཟིན་ཡོད་པ་རེད།

        སྔོན་མར་ཆ་སྙོམས་ཀྱི་མུའུ་རེའི་ཐོན་ཚད་སྤྱིར་བཏང་དུ་སྤྱི་རྒྱ་1200ཡིན་ལ། ཞོག་ཁོག་གཅིག་གྱུར་འདེབས་པ་དང་། ལུད་ཆུ་གཅིག་གྱུར་དོ་དམ། ནད་འབུའི་གནོད་འཚེ་སྔོན་འགོག་ཚོད་འཛིན་གཅིག་གྱུར། འདེབས་འཛུགས་ལག་རྩལ་གཅིག་གྱུར་བཅས་བྱས་པ་བརྒྱུད་ཞོག་ཁོག་ཐོན་ཚད་ལྡབ་གཅིག་འཕར་ཡོད་དེ་ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྨང་གཞི་བརྟན་པོ་བཏིངས་ཡོད་ཞེས་ཁུལ་ཞིང་ལས་རྨང་གཞིའི་འཛུགས་སྐྲུན་ཞབས་ཞུ་ས་ཚིགས་ཀྱི་མཐོ་རིམ་ཞིང་ལས་ལག་རྩལ་པ་དང་ཞིང་ཁའི་ཐོན་འབབ་ཚད་ལེན་རིགས་གཅིག་མཁས་ཅན་ལི་ཀྲི་ཁྲུན་གྱིས་འདི་ལྟར་བཤད།

        ཞོག་ཁོག་བསྡུ་བའི་ཡུལ་དངོས་སུ།  མཉམ་འབྲེལ་གྲོང་ཚོ་གྲོང་མི་ཁྲང་ཧྲེང་གིས་ད་ལོར་ངེད་ཁྱིམ་གྱི་ཞོག་ཁོག་ལ་ཐོན་ཚད་ཧ་ཅང་ཡག་པོ་བྱུང་འདུག  ཟླ་བ་གཉིས་ཀྱི་སྔོན་ལ་ཁུལ་ཞིང་ལས་གྲོང་གསེབ་ཅུས་དང་ཞིང་ལས་ཚན་རིག་ཁང་གིས་ང་ཚོར་མི་མེད་གནམ་གྲུར་བརྟེན་ནས་སྨན་གཏོར་རོགས་དང་ནད་འབུའི་གནོད་འཚེ་འགོག་བཅོས་བྱས་ཏེ་རྟག་ཏུ་ང་ཚོར་ལག་རྩལ་མཛུབ་ཁྲིད་བྱེད་ཀྱི་ཡོད། ཞིང་པ་ཚོ་ལ་མཚོན་ན་ཐོན་ཚད་འཕར་དགོས་ན་ཚན་རིག་ལ་ཡིད་ཆེས་དགོས།  ད་ལྟར་ཚང་མས་ལག་རྩལ་ཁོང་དུ་ཆུད་ཡོད་པ་མ་ཟད་དུས་རྒྱུན་ད་དུང་ཐག་ཉེ་ས་ནས་གླ་བར་འགྲོ་ཆོག་པས་ཡོང་སྒོ་ཇེ་འཕར་རུ་འགྲོ་བཞིན་ཡོད་རེད་ཞེས་ཟེར། 

        ཤེས་རྟོགས་བྱུང་དོན།  རྣམ་གྲངས་དེས་སོན་བཟང་སྡེབ་སྤྲོད་དང་། ནད་འབུའི་གནོད་འཚེ་མཉམ་འགོག་མཉམ་བཅོས། རྣང་ཆེན་གཉིས་སྐྱོད། རྣང་ཆེན་རྐྱང་པའི་འདེབས་གསོའི་ལག་རྩལ་བཅས་བརྒྱུད་ཞོག་ཁོག་ཐོན་ལས་ཀྱི་ལྷུ་ཚིགས་ཧྲིལ་པོའི་ལྗང་མདོག་ཕན་ཆེའི་འདེབས་གསོ་བྱས་པ་དང་།  དུས་མཚུངས་སུ་དཔེ་སྟོན་ཁུལ་གྱི་མ་གནས་གྲོན་ཆུང་དང་ཕན་འབྲས་ཆེར་གཏོང་གི་འགག་རྩའི་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་ཞིང་ལས་འཕྲུལ་ཆས་གཞི་རྟེན་དུ་བྱེད་པའི་ལྗང་མདོག་གི་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་ལག་རྩལ་དཔེ་དབྱིབས་ཕྱོགས་བསྡུས་ཀྱིས་ཁྱབ་གདལ་བཏང་བ། རྫས་འགྱུར་ལུད་དང་རྫས་འགྱུར་ཞིང་སྨན་སྤྱོད་ཚད་ཉུང་འཕྲི་ནུས་ལྡན་བྱས་ཏར་ཐོན་སྐྱེད་བྱེད་སྟངས་བསྒྱུར་བ། ལྗང་མདོག་སྐྱེ་ཁམས་ཁྲིད་ཕྱོགས་སུ་བཟུང་ནས་ས་དཔྱད་རྫས་སྦྱོར་ལུད་རྒྱག་ལག་རྩལ་ཁྱབ་གདལ་བཏང་བ། ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱབ་པ་དང་། ལྗང་མདོག་སྔོན་འགོག་དང་ཚོད་འཛིན་ལག་རྩལ། ཆེད་ལས་ཅན་གྱི་གཅིག་གྱུར་སྔོན་འགོག་དང་དབང་སྒྱུར་ཞབས་ཞུར་སྐུལ་འདེད་བཏང་ནས་ནད་འབུའི་གནོད་པ་ཚབས་ཆེན་ཕྱོགས་བསྡུས་ཀྱིས་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ཡོད།ཚན་ཞིབ་ཚན་པ་+ཁྱབ་གདལ་སྡེ་ཚན+སྣེ་འདྲེན་ཁེ་ལས+མཉམ་ལས་ཁང་+དཔེ་སྟོན་རྟེན་གཞི+ཞིང་དུད་བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་ལ་བརྟེན་ཏེ། བརྒྱུད་རིམ་ཧྲིལ་པོའི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་པ་དང་། ལྷུ་ཚིགས་ཧྲིལ་པོའི་ཐོན་ལས་མཉམ་འདྲེས་ཀྱི་རྣམ་པ་གཏོད་ཡོད་པ་རེད།


        གོམ་སྟབས་རྗེས་མར།  ང་ཚོས་ཐོན་ལས་ཀྱི་ལྷུ་ཚིགས་ཧྲིལ་པོ་མཉམ་འདྲེས་འཕེལ་རྒྱས་བཞེངས་སྐྲུན་བྱེད་པའི་གོ་རིམ་ཁྲོད་མུ་མཐུད་ནས་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་རྒྱུ་ཡིན་པ་དང་། ཞོག་ཁོག་དང་ནས། མ་རྨོས་ལོ་ཏོག  འབྲས་སོགས་ལྗང་མདོག་དང་ཕན་ཆེའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྒྱ་སྟོབས་ཆེ་རུ་གཏོང་སྟེ་མཐོ་སྒང་གི་མང་ཚོགས་ཀྱི་ཐོན་འཕར་འབབ་འཕར་དང་དབུལ་སྒྲོལ་ཕྱུག་འགྱུར་ལ་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡིན་ཞེས་ཁུལ་ཞིང་ལས་ཚན་རིག་ཁང་གི་ལྡུམ་རའི་ལག་རྩལ་ཁང་གི་ཀྲུའུ་རེན་བསོད་ནམས་ཆོས་འཕེལ་གྱིས་དེ་ལྟར་ཟེར་བྱུང་།