2020ལོའི་བོད་ལྗོངས་ཀྱི་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་སྐབས་གསུམ་པ་གཞིས་ཀ་རྩེ་རུ་སྤེལ་འགོ་བརྩམས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-22   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

འདི་ནི་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཡུལ་དངོས་རེད།

        ཟླ9བའི་ཚེས19ཉིན། 2020ལོའི་བོད་ལྗོངས་ཀྱི་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་སྐབས་གསུམ་པ་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་སྤེལ་འགོ་བརྩམས་ཤིང་། མང་ཚོགས་ཀྱི་ལྟ་འདོད་ཅིང་ཉན་སྤྲོ་བ་དང་། འཚོ་བར་ཉེ་བར་བཅར་བ། མང་ཚོགས་ཞུགས་བདེ་བའི་རྟེན་འབྲེལ་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད། ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་རྨོ་འདེབས་དཔལ་ཡོན་དང་། འབྲོག་པའི་རིག་གནས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་བཅས་དར་སྤེལ་བཏང་སྟེ། བོད་ལྗོངས་ཀྱི་རོང་འབྲོག་པའི་གསར་གཏོད་རླབས་ཆེན་དང་སྟོབས་ཤུགས་གོང་བུར་འགྲིལ་བ། རོང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མཐོར་འདེགས་བཏང་ནས། ལོ་ལེགས་དུས་ཆེན་ཡུལ་སྲོལ་གོམས་གཤིས་སུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

 འདི་ནི་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཡུལ་དངོས་རེད།

        འགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ། རོང་འབྲོག་པའི་རུ་སྟར་གྲུ་བཞི་དང་མཉམ་ལས་ཁང་གི་རུ་སྟར་གྲུ་བཞི། རོང་འབྲོག་ཚན་རྩལ་ལས་དོན་པའི་རུ་སྟར་གྲུ་བཞི། ཞིང་འཕྲུལ་རུ་སྟར་གྲུ་བཞི་བཅས་རིམ་བཞིན་མཛད་སྒོར་ཞུགས་ནས་ཞིང་ལས་དེང་རབས་ཅན་གྱི་ཆ་རྐྱེན་འོག བོད་ལྗོངས་ཀྱི་རོང་འབྲོག་པའི་ཉམས་འགྱུར་གསར་བ་མངོན་པར་བྱས་ཡོད། དེ་རྗེས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ་དང་རྨོ་འདེབས་རིག་གནས་རྒྱུན་འཛིན་བྱེད་པའི་རིག་རྩལ་ལེ་ཚན་རེ་རེ་བཞིན་འཁྲབ་སྟོན་བྱས་ཏེ་ངོ་མཚར་ཆེན་པོ་ལྡན།

འདི་ནི་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཡུལ་དངོས་རེད།

        2019ལོར་བོད་རང་སྐྱོང་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི105ཙམ་ལ་སླེབས་པ་དང་། ལོ5བསྟུད་མར་ཏུན་ཁྲི100ཡན་བརྟན་རླིང་བྱུང་བའི་ཁྲོད་ནས་ཀྱི་ཐོན་ཚད་ཏུན་ཁྲི80ཙམ་ལ་སླེབས། སྔོ་ཚལ་དང་ཤ་དང་འོ་མའི་ཐོན་ཚད་ཏུན་ཁྲི78དང་ཏུན་ཁྲི75ཙམ་ལ་སླེབས་ནས། ཞིང་ཕྱུགས་ལས་ཀྱི་སྣེ་འདྲེན་ཁེ་ལས162དང་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཁྲི1.38ཡོད་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་སུ་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར12951ཟིན་པ་དེ་དུས་མཚུངས་ལས13.1%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།  །