ཉིན་འདི་དག་རྡོ་མཁར་རྫོང་དུ་གླུ་གར་གྱི་གསོལ་སྟོན་ཞིག་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་16ཉིན་ནས་བཟུང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་དགོང་མོ་རེར་རོལ་དབྱངས་དུས་ཆེན་དང་མངོན་མིན་རིག་གནས་ཤུལ་བཞག་གི“གླུ་གར་རོལ་དབྱངས”འགྲེམས་འཁྲབ་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བས་སེམས་ཀྱི་ཉི་ཟླའི་སྣ་མང་ཕུན་སུམ་ཚོགས་པའི་ཁྱད་ལྡན་རིག་གནས་ཚོར་ཐུབ་པ་བྱ་རྒྱུ་རེད། ད་ཐེངས་ཀྱི་བྱེད་སྒོས“རིམས་ནད་སྔོན་འགོག རིག་གནས་དར་སྤེལ། ཤེས་དཔལ་གཏོད་པའི”བརྗོད་དོན་གཙོ་བོར་བྱས་ཡོད། ཚེས་27ཉིན་བར་གཉེར་རྒྱུ་རེད། 

བྱེད་སྒོ་དེ་ཁག་གཉིས་སུ་ཕྱེ་ཡོད་དེ། 

        གཅིག་ནི་རོལ་དབྱངས་དུས་ཆེན་གྱི་བྱེད་སྒོ་ཡིན། ཚེས་16ཉིན་ནས་ཚེས་25ཉིན་བར(དགོང་མོ་རེའི་ཆུ་ཚོད་19:30-21:00བར)རྒྱལ་ནང་གི་དཀྲོག་གཏམ་རོལ་དབྱངས་རུ་ཁག་དང་དེ་བཞིན་ས་གནས་དེ་གའི་དམངས་ཁྲོད་ཀྱི་གྲགས་ཆེ་བའི་གླུ་བ་གདན་དྲངས་ནས་སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་སྐད་གྲགས་ཆེ་བའི་ས་གནས་དེ་གའི་གླུ་གཞས་གཏོང་རྒྱུ་རེད། དམངས་གླུ་དང་རླབས་རྒྱུན་གྱི་གླུ་གཞས་ཉམས་ལེན་བྱས་པ་བརྒྱུད། དམངས་གླུ་ཚོགས་པའི་ནང་གི་གླུ་གཞས་ལ་དགའ་པོ་བྱེད་མཁན་དང་ཡུལ་སྐོར་ལ་དགའ་པོ་བྱེད་མཁན་གྱིས་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་གྱི་ཁྱད་ཆོས་མངོན་པར་བྱས་ཏེ“རོལ་དབྱངས་དང་རིག་གནས།ཡུལ་སྐོར་བཅས་ཟུང་དུ་འབྲེལ་བའི་མཉམ་འགུལ་ཞིག་ཆགས་པར་བྱེད་རྒྱུ། ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བའི་ཐོག་ནས་སེམས་ཀྱི་ཉི་ཟླ་འཛམ་གླིང་སྟེང་རྩོད་ཐབས་བྲལ་བའི་སོས་དལ་གྱི་འཚོ་བ་མངོན་པར་བྱས་ཡོད་ལ། སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་ཡོང་མཁན་རྣམས་ཀྱིས་ཀྱང་སེམས་ཀྱི་དག་ཞིང་དེ་འཚོལ་བཞིན་ཡོད་པ་རེད།དེའི་རིང་ད་དུང་ཡུལ་སྐོར་མཁས་ཅན་དང་། དྲ་ཐོག་གྲགས་ཅན། ཡུལ་སྐོར་སྐུ་མགྲོན་སོགས་གདན་དྲངས་ནས་བྱེད་སྒོའི་ཁྲོད་རང་མོས་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།

        གཉིས་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་2020ལོའི་མི་རིགས་མཐུན་སྒྲིལ་གྱི“གླུ་གར་རོལ་དབྱངས”ཀྱི་རིག་གནས་ཤུལ་བཞག་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་ཡིན་ཞིང་། ཚེས་26ཉིན་ནས་ཚེས་27ཉིན་ལ།(དགོང་མོ་རེར་ཆུ་ཚོད་19:30-21:00) རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་གྲོང་ཁྱེར་ཡོངས་ཀྱི་ཤང་(གྲོང་རྡལ)གི་ཕུལ་བྱུང་གླུ་གར་ཚོགས་ཆུང་གི་འགྲེམས་འཁྲབ་སྒྲིག་འཛུགས་བྱས་པ་རེད།སེམས་ཀྱི་ཉི་ཟླའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་དང་སྲུང་སྐྱོབ་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱེད་དགོས། རྒྱལ་ཐང་སྐོར་བྲོ་དང་།ལྔ་ཤོག་པི་ཝང་། ཉི་ཤར་བྱམས་གླུ། མྱི་ཟུར་འབྲོག་ཁུལ་གྱི་འབྲོག་གཞས།  སན་པ་ཤང་གི་རལ་པ། ད་དུང་མི་རིགས་མང་པོའི་ཀ་བེད་ཧུན་དང་དབྱིས་རིགས་ཀྱི་རྒྱུད་སྐུད་མཉམ་དཀྲོལ་སོགས་ཀྱི་རོལ་ཆའི་འཁྲབ་སྟོན་ཡོད།བོད་རིགས་ཀྱི་ལ་གཞས་དང་། འཇང་རིགས་ཀྱི་སྲོལ་རྒྱུན་དམངས་གཞས། དབྱིས་རིགས་ཀྱི་གཉེན་སྒྲིག་རྟེན་འབྲེལ་གྱི་གཏམ་བཤད།གཙང་འགྲམ་གྱི་གཞས་ཐུང་སོགས་ཀྱི་གཞས་གཏམ་འཁྲབ་སྟོན་བྱེད་རྒྱུ་རེད།