སེམས་ཀྱི་ཉི་ཟླའི་རེ་ལྕག་ལོ་མ་སེར་པོར་གྱུར་སོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ལོ་རེའི་9པའི་ཟླ་སྨད་ནས་ཟླ་11པའི་ཟླ་སྟོད་བར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཆུ་རགས་དང་སྤང་ཐང་ཚང་མར་ལོ་གཅིག་ནང་བཀྲག་མདངས་འཚེར་ཤོས་ཀྱི་དུས་ཚིགས་འཆར་རྒྱུ་ཡོད། སྟོན་ཁ་སེར་པོར་གྱུར་སོང་། སྟོན་ཁར། མི་རིང་བར་རྙིད་ལ་ཉེ་བའི་རེ་ལྕག་ལོ་མ་དམར་སེར་ནས་རིམ་བཞིན་སེར་ནག་ཏུ་གྱུར། རྒྱང་རིང་བལྟས་ཚེ་རང་བྱུང་གི་ས་གདན་དམར་པོ་ཞིག་དང་འདྲ། སེར་པོའི་མེ་ཏོག་གིས་ཡུལ་སྐོར་བ་རྣམས་གཅིག་རྗེས་གཉིས་མཐུད་ངང་དྲན་རྟེན་པར་རྒྱག་བཞིན་ཡོད། རེ་ལྕག་ལོ་མ་ལ་ཡང་འབར་ཤིང་མེ་ཏོག་ཀྱང་ཟེར། ལོ་མང་སྐྱེ་བའི་རྩྭ་རིགས་ཤིག་ཡིན།  རྩ་བ་ལ་དུག་ཡོད་པས་ཀྲུང་ལུགས་སྨན་རྫས་ལ་ཞུགས་ཆོགདེར་ཁ་ལུད་སེལ་བ་དང་ན་ཟུག་གཅོག་པ་སོགས་ཀྱི་ནུས་པ་ཡོད།