བདེ་ཆེན་གྱི་མི་རིགས་མང་པོ་ཡོད་པའི་ཁྱིམ་ཚང་ཞིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        རྡོ་མཁར་རྫོང་གནའ་གྲོང་དུ་འཚོ་བ་སྐྱེལ་བཞིན་པའི་གྲོང་མི་ཚོར་གནའ་སྔ་མོ་ནས་བཟུང་མི་རིགས་མང་བའི་ཁྱད་ཆོས་མངོན་ཡོད། དེ་གར་མི་རིགས་མང་བའི་ཁྱིམ་ཚང་ཐུན་མོང་ཐོག་འཚོ་བ་སྐྱེལ་བ་དང་ཁོང་ཚོ་ཞི་མཐུན་མཐུན་སྒྲིལ་བྱུང་ནས་གནའ་གྲོང་གི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་གྱི་སྐྱེ་ལྡན་གྲུབ་ཆ་ཞིག་ཏུ་གྱུར་ཡོད།    

        ཅིན་ལུང་སྡེ་ཁུལ་གྱི་བགྲེས་སོང་དབྱང་ནའེ་ཀྲེང་གི་ཁྱིམ་ཚང་དུ་བོད་རིགས་དང་། འཇང་རིགས། པའེ་རིགས། ལི་སུའུ་རིགས། རྒྱ་རིགས་བཅས་མི་རིགས་5ཡིས་གྲུབ་པ་དང་། ལོ་མང་པོའི་རིང་། མི་རིགས་མང་པོའི་ཁྱིམ་ཚང་འདི་ཕན་ཚུན་མཛའ་བརྩེ་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ།འཚོ་བ་འཆམ་མཐུན་དང་མཛེས་སྡུག་ལྡན་པར།དགའ་དགའ་ལྷང་ལྷང་རོལ་ཡོད།