ལམ་ཕྲན་ལམ་ཆེན་དུ་བསྒྱུར་ནས་དམངས་ཀྱི་འཚོ་བར་འགྱུར་ལྡོག་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།དེ་སྔོན། རྫ་ཆུའི་ནུབ་ངོགས་ལམ་རྒྱུད་ཀྱི་རི་ལྡེབས་སུ་ཀྱག་ཀྱོག་གི་ལམ་ཆུང་ཞིག་ལས་མེད་པ་དང་།ལམ་རྒྱུད་ཀྱི་གྲོང་མིས་རྐང་ཐང་ནས་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་པས། གྲོང་ཚོ་འགའ་ཞིག་དབུལ་ཕོངས་ཀྱི་གནས་སུ་གྱར་ནས། རྫ་ཆུའི་རྒྱུད་ཀྱི་ཁང་པ་ཐབས་ཆག་ཏུ་གྱུར་ཡོད། ད་ལྟ་བྲག་རི་གཡང་གཟར་དུའང་གཞུང་ལམ་ཁྱབ་པ་དང་། ཁོད་སྙོམས་པའི་སྣུམ་ནག་གཞུང་ལམ་གྱིས་དེ་སྔའི་ལུང་ཁུག་དང་ལམ་འགག་པའི་ལོ་རྒྱུས་ལ་ཁ་ལོ་འགྱུར་ཡོད།

        ཤར་ཏང་གྲོང་ཚོའི་རྙིང་ནང་གྲོང་མི་ཚོ་ཆུང་ནི་གཞུང་ལམ་གྱི་ཕན་པ་ཐོབ་ཡོད། བློ་བཟང་ཉི་མས་དེ་སྔོན་ཁྱིམ་དུ་ཐེངས་གཅིག་ལོག་ན་ཐང་ཧ་ཅང་ཆད་དེ། རླངས་འཁོར་ལ་བསྡད་དེ་གཙང་འགྲམ་དུ་འགྲོ་དགོས་ལ། ད་རུང་རྐང་ཐང་ལ་ཉིན་ཕྱེད་ལ་འགྲོ་དགོས། ད་ལྟ་རྫོང་མཁར་ནས་སྐར་མ་ཉི་ཤུ་ལ་རླངས་འཁོར་བསྐོར་ན་ཁྱིམ་ལ་ཐོན་ཐུབ་ཟེར།བློ་བཟང་ཉི་མའི་ཁྱིམ་ནི་རྙིང་ནང་གྲོང་མི་ཚོ་ཆུང་དུ་ཡོད་པ་དང་། ཁོ་དེ་སྔ་རྫོང་མཁར་དུ་དགེ་རྒན་གྱི་བྱ་བ་སྒྲུབ་བཞིན་ཡོད། ད་ལྟ་ལས་འཁྱུར་ངལ་གསོ་བྱས་ནས་ཁྱིམ་དུ་བསྡད་འདུག བློ་བཟང་ཉི་མས་ངོ་སྤྲོད་བྱས་པ་ལྟར་ན། དེ་སྔོན་ཁོང་གིས་ཁང་བ་ཞིག་སྐྲུན་འདོད་ཡོད་མོད། ས་ཁང་ཞིག་སྐྲུན་ཐུབ་པ་ལས། ཕྱི་རོལ་ནས་ཨར་འདམ་དང་ལྕགས་རྩིབས་རྩ་བ་ནས་འཐེན་ཐུབ་ཀྱི་མེད། ད་ལྟ་ཡག་ཏུ་ཕྱིན་སོང་།            གཞུང་ལམ་ཤར་གཏོང་ཐུབ་ནས་དུས་ཐུང་ལོ་གཉིས་འགོར་བ་དང་། རྙིང་ནང་ཚོ་ཆུང་གིས་ཐོག་ཁང་ཆུང་ངུ་ཆར་རྗེས་ཀྱི་སྨྱུག་རྩ་འབུས་པ་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་སྐྲུན་པས། ཚང་མའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཁྱིམ་ཚང་འགའ་ཞིག་གིས་ཀྱང་མགྲོན་ཁང་སྐྲུན་འདུག གླེགས་བམ་དུ་རྐང་ཐང་ལ་འགྲོ་སྐབས་ངེས་པར་དུ་རྙིང་ནང་ནས་འགྲོ་དགོས་པས།ད་ལྟའི་རྙིང་ནང་ནི་འཁྲུག་ཆ་དོད་པོར་གྱུར་ཡོད་ཅེས་བཤད་པ་རེད།

        རྫ་ཆུའི་རྒྱུད་དུ་བསྐྱོད་ན། ལམ་འགྲམ་གྱི་ཁང་གསར་སྟར་ཕྲེང་རེ་རེ་མིག་ལམ་དུ་འཆར་ཞིང་། འདི་ནི་གྲོང་ཚོ་གསར་པ་ཞིག་ཡིན་དེ། ཡུན་ལིང་ཤང་བྲག་ལམ་ཚོ་ཆུང་དང་དེ་བཞིན་ཧྥོ་ཧྲན་ཤང་གི་མཐོ་གྲང་རི་ཁུལ་ནས་གནས་སྤོས་ཏེ་ཡོང་བ་རེད། རྒན་མོ་སྒྲོལ་དཀར་ཚང་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3400ལྷག་ཙམ་ཡོད་པའི་རི་མཐོའི་སྟེང་གནས་ཡོད་ལ། འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བ། “མཁའ་ལམ”ཞེས་འབོད་སྲོལ་ཡོད་པའི་རྡོ་ཧྲུག་གི་ལམ་ཕྲན་ཞིག་ཀྱག་ཀྱོག་ངང་ལྡིང་སྐོར་རྒྱག་བཞིན་ཡོད་པ་དང་། ཕྱི་རོལ་ནས་གནས་འདིར་ཡོང་མཁན་ཧ་ཅང་ཉུང་ཉུང་རེད། དེ་བས་གདུག་རྩུབ་ཆེ་བ་ནི་ཆུ་དཀོན་པ་དང་། དབྱར་དུས་ཐན་པ་དང་ཆར་ཆུ་ཉུང་བ། དགུན་དུས་གྲང་ངར་ཆེ་བས་ཁོར་ཡུག་ཧ་ཅང་རྡུག་རྩུབ་ཆེ། ད་ལྟ་གྲོང་ཚོ་ཡོངས་ཀྱི་མི་ཚང་མ་སྡོད་མལ་ལ་འཚམ་པའི་རྫ་ཆུའི་འགྲམ་དུ་གནས་སྤོས་བྱས་པ་དང་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་སྒོ་འགྲམ་དུ་སླེབས་ཡོད་པ་རེད། ལམ་འགྲམ་དུ་གྲོང་ཚོ་གསར་པ་བཙུགས་པ་དང་། འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པ། རང་འབབ་ཆུ་ཡང་དུད་ཚང་ཚང་མའི་ཁང་པ་འབྱོར་ཡོད། ད་ལྟ་རྫོང་མཁར་དུ་འགྲོ་དགོས་ན་ཆུ་ཚོད་ཕྱེད་ཀ་ལས་འགོར་གྱི་མེད།   དེ་སྔ་དགུན་དུས་རི་སྟེང་དུ་ཁ་བ་འབབ་སྐབས་ཁ་བ་པུས་མོ་སར་སླེབས་པས་ཧ་ཅང་འགྲོ་དཀའ། མགོ་ན་བ་དང་ཀླད་པར་ཚ་བ་རྒྱས་པའི་ནད་གཞི་ཆུང་ངུ་བྱུང་སྐབས་སྨན་ཁང་དུ་འགྲོ་ཐུབ་ཀྱི་མེད། མཐོ་སྒང་དུ་འཚོ་བ་རོལ་བའི་རྐྱེན་གྱིས་གྲོང་ཚོའི་ནང་གི་རྒན་རྒོན་མང་པོར་ཁྲག་ཤེད་མཐོ་བའི་ནད་སོགས་ས་མཐོའི་ནད་ཕོག་ཡོད།ད་ལྟ་གནས་སྤོས་རྗེས་ནད་གཞི་ཞི་ལྷོད་དུ་སོང་བ་མ་ཟད། སྨན་ཁང་དུ་འགྲོ་རྒྱུ་ཡང་ཧ་ཅང་སྟབས་བདེ་ཡིན་དེ། ཁྱིམ་ཚང་རེ་རེས་རླངས་འཁོར་ཉོས་ཡོད་པ་དང་ཆུ་ཚོད་ཕྱེད་ཀ་ཙམ་གྱིས་རྫོང་མཁར་དུ་འབྱོར་ཐུབ་པ་རེད།

        བྲག་ལམ་ཚོ་ཆུང་དུ་ཁྱིམ་ཚང་10ཡས་མས་ལས་མེད་པ་དང་། སྔོན་ཆད་བྲག་ལམ་ཚོ་ཆུང་ནི་དབུལ་ཕོངས་ས་ཁུལ་གྱི་ཚབ་མིང་ཡིན་ལ།ལམ་མེད་པས་གྲོང་མིའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པ་རེད།གྲོང་མིས་ངོ་སྤྲོད་བྱས་པ་ལྟར་ན།  དེ་སྔ་ལམ་མེད་པ་དང་རྒན་རྒོན་མང་པོ་ཞིག་རྫོང་མཁར་དུ་སླེབས་མྱོང་མེད། ད་ལྟ་ཡག་སོང་། སྣུམ་ནག་གི་ལམ་ཆེན་གྲོང་ཚོའི་ནང་ནས་བརྒྱུད་ཡོད་པ་དང་། ཆེས་ཐད་ཀར་གྱི་འགྱུར་ལྡོག་ནི་གྲོང་ཚོར་ཨར་འདམ་ལྕགས་རྩིབས་ཅན་གྱི་ཁང་བ་མང་པོ་བསྐྲུན་ཡོད་ལ། ཁང་པ་རྙིང་པ་ནི་སྔོན་ཆད་ཀྱི་ལོ་རྒྱུས་ལྟར་གྲོང་ཚོའི་རྗེས་སུ་བསྐྱུར་འདུག

        ལམ་ཞིག་གིས་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་སྐྲུན་པ་དང་།དབུལ་སྒྲོལ་གཏམ་རྒྱུད་ཁྲོད་ཀྱི་གཞུང་ལམ་གྱིས་ཤར་ཏང་གྲོང་མའི་འཚོ་བ་ལ་འགྱུར་ལྡོག་སྐྲུན་ཡོད།