བླ་ཕུའུ་ལུང་གཞུང་གི་ཆང་ཁང་ཙང་ཡུན་ཀུའུ་ཐོན་རྫས་གསར་པ་དངོས་སུ་ངོ་སྟོན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན། ཡུན་ནན་བླ་ཕུའུ་ལུང་གཞུང་ཆང་ཁང་སེམས་ཀྱི་ཉི་ཟླ་མགྲོན་ཁང་ཆེ་མོར་རྒུན་ཆང་གི་སྣེ་ཁྲིད་རྩེར་སོན་པའི་བླ་ཕུའུ་ཡི་“ཙང་ཡུན་ཀུའུ་”ཞེས་པའི་ལོ་རབ་དང་རིམ་པ་ལྡན་པའི་རྒུན་ཆང་ཁྱབ་བསྒྲགས་བྱས་པ་རེད།  སྨྱན་སྦྱོར་དང་། ཆང་རག་དཔྱད་འདེམས་པ། བདེ་ཆེན་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད་པ་རེད། 

        ཙང་ཡུན་ཀུའུ་ཞེས་པའི་ལོ་རབ་དང་རིམ་པ་ལྡན་པའི་རྒུན་ཆང་ནི་བླ་ཕུ་རྩེར་སོན་གྱི་རྒུན་ཆང་གིས་སྣེ་ཁྲིད་བྱས་ཡོད། མངར་མོ་དང་། མངར་མོ་ཕྱེད་ཙམ། རྒུན་ཆང་དཀར་མོ་བཅས་ཀྱི་ཉམས་འགྱུར་རིགས་4ཡོད་པས་ཆེད་ལས་ཀྱི་ཨ་རག་དཔྱད་གཏམ་མཁན་གྱི་གདེང་འཇོག་ཡག་པོ་དང་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད། 

        བླ་ཕུའུ་ལུང་གཞུང་གི་ཆང་ཁང་ནི་རྒྱལ་ནང་གི་ཆེས་ཉུང་ཤོས་ཤིག་གིས་སྤུས་ལེགས་ཨ་རག་དང་རྒུན་ཆང་དཀར་པོ་སྙོལ་བཟོ་བྱེད་པའི་ཆང་ཁང་ཞིག་ཡིན། རྒུན་འབྲུམ་ཨ་རག་ཐོན་སྐྱེད་དང་།  གསོག་ཉར། འགྲེམས་སྟོན། དཔྱད་ཞིབ།  སྣེ་ལེན་འདུ་ཚོགས། སྤྲོ་གསེང་ལྟ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་ཆང་ཁང་རྩེ་གྲ་ཞིག་ཀྱང་རེད།  མིག་སྔར་ཆང་ཁང་དུ་སྨིན་ཟིན་པའི་རྒུན་འབྲུམ་ར་བ་མུའུ་1700ཡོད་པ་དང་ལོ་རེའི་རྒུན་འབྲུམ་ཐོན་ཚད་ཏུན་500ཟིན་གྱི་ཡོད། རྒུན་འབྲུམ་ར་བ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2100ནས་2867བར་གྱི་སྲོལ་རྒྱུན་གྲོང་ཚོའི་ནང་ཁྱབ་ཡོད། རྒྱ་མཚོའི་ངོས་ལས་མཐོ་བའི་ཐུན་མོང་མ་ཡིན་པའི་དྲང་འཕྱང་ནམ་ཟླའི་རྒྱུད་དུ་དྲོད་ཚད་སྐས་ཚད་མི་འདྲ་བ་འབྱུང་དུ་འཇུག་དགོས། ས་བབ་མི་འདྲ་བར་བཏབ་པའི་རྒུན་འབྲུམ་ལ་ངོ་མཚར་ཆེ་བའི་བྲོ་བ་ཞིག་ཐོན་ཐུབ་པ་རེད། 

        ཚད་མཐོའི་འཁྱགས་ཆང་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2800ཡོད་པའི་ས་མཐོའི་རྒུན་འབྲུམ་ར་བ་ནས་ཡོང་བ་རེད། དགུན་ཁར་ཁ་བ་བབས་རྗེས། རྒུན་འབྲུམ་རང་ཤུགས་སུ་ཆུ་ཤོར་ནས་དར་ཆགས་རྗེས་མིའི་ཐབས་ཀྱིས་བཏོག་པ་དང་། སྣོད་ཆུང་གི་དྲོད་ཚད་དམའ་མོས་བསྙལ་ནས་གྲུབ་པ་རེད། ཐོན་ཚད་ཧ་ཅང་ཉུང་བ་མ་ཟད་ལོ་ལེགས་དུས་ཚིགས་སུ་ད་གཟོད་ཐོན་སྐྱེད་བྱུང་ཐུབ་ཀྱི་ཡོད་པས་གསེར་གཤེར་ཞེས་ཀྱང་འབོད་ཀྱི་ཡོད།