ཁུལ་ཡོངས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོཊ་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ9པའི་ཚེས14ཉིན་གྱི་སྔ་དྲོར།ཞིང་ཆེན་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་མཇུག་འགྲིལ་རྗེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་གྱིས་ཁུལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཆི་ཅན་ཞིན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཁུལ་ཡོངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།

        ཆི་ཅན་ཞིན་གྱིས་མིག་སྔར་རང་ཞིང་ཆེན་གྱི་ཉེ་འཁོར་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ད་དུང་ཧ་ཅང་ཛ་དྲག་ཡིན། རང་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་སུ་མངའ་ཁོངས་ཕྱི་ནས་ནང་འདྲེན་བྱས་པའི་ནད་རྟགས་ཐོན་པས་ང་ཚོས་དོགས་ཟོན་བྱ་འོས་པ་ཞིག་རེད།  མིག་སྔར་རང་ཁུལ་ཡུལ་སྐོར་མཐོ་རླབས་ཀྱི་དུས་སུ་སླེབས་པ་དང་། ཁུལ་ཡོངས་ཀྱི་སྐོར་སྐྱོད་མི་སྣ་ཇེ་མང་དུ་འགྲོ་བཞིན་ཡོད། རང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བླང་བྱ་གསར་པ་དང་ཚོད་བགམ་གསར་པ་བཏོན་ཡོད་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་འཛིན་དགོས་ཞེས་བསྟན་པ་རེད།

        ཆི་ཅན་ཞིན་གྱིས་གཅིག་ནས་བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་དགོས། རིམ་པ་ཁག་གི་སྡེ་ཚན་ཁག་གིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚོགས་འདུའི་དགོངས་དོན་གཞིར་བཟུང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། གཉིས་ནས་རིམས་ནད་ཐོན་རྒྱུ་གཏན་འགོག་བྱེད་དགོས། རང་ཁུལ་གྱི་སྔར་ཡོད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་མུ་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་བྱེད་དགོས། ཕྱོགས་འགྲུལ་མི་སྣར་ལྟ་ཞིབ་ཚད་ལེན་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “སྔ་མོ་ལྔའི་རྩ་དོན་”ལྟར། འགན་འཁྲི་སྡེ་ཁུལ་དང་གྲོང་མིའི་ཚོ་ཆུང་ཁག་ལ་དོན་འཁྱོལ་བྱས་ནས་དྲ་མིག་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བ་བྱེད་དགོས།   གསུམ་ནས་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་བླང་བྱ་དེ་མང་ཚོགས་ཁྲོད་ཁྱིམ་ཚང་ཀུན་གྱིས་ཤེས་པ་བྱས་ཏེ།ཁུལ་ཡོངས་ཀྱི་མང་ཚོགས་ལ་རྒྱལ་གཅེས་འཕྲོད་བསྟེན་གྱི་ཆེད་དོན་བྱ་སྤྱོད་ཡག་པོ་སྤེལ་རྒྱུར་ཁྲིད་སྟོན་བྱེད་དགོས། བཞི་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁོངས་གཏོགས་ས་ཆའི་འགན་འཁྲི་དང་གཙོ་གཉེར་འགན་འཁྲི། བྱེད་པོའི་འགན་འཁྲི། མི་སྒེར་གྱི་འགན་འཁྲི་བཅས་“ཕྱོགས་བཞིའི་འགན་འཁྲི་”མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མ་ལག་འཛུགས་དགོས།  ལྔ་ནས་ལྟ་ཞིབ་ཚད་ལེན་དང་ཞིབ་དཔྱད་ཚད་ལེན་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་འཕྲལ་མ་ཉིད་དུ་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་དགོས་པ་དང་།རིམ་པ་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུས་ལས་ཀའི་རྣམ་པ་གང་མགྱོགས་གཏོད་དགོས། དྲུག་ནས་འབྲེལ་ཡོད་སྨན་བཅོས་དངོས་ཟོག་གྲབས་གསོག་ཡག་པོ་བྱས་ནས་གྲ་སྒྲིག་ཡག་པོ་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།