སེམས་ཀྱི་ཉི་ཟླའི་སློབ་འབྲིང་དང་པོར་གྲོན་ཆུང་སྲོལ་གསར་ཁྱབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སློབ་དུས་གསར་པ་འགོ་ཚུགས་མ་ཐག   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་འབྲིང་དང་པོ་ཡིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱ་རྒྱུ་དེ་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་པ་དང་ ། དགེ་རྒན་རྣམས་ཀྱིས་གྲོན་ཆུང་བྱས་ན་གཟི་བརྗིད་དང་འཕྲོ་བརླག་ནི་ངོ་ཚ་ཡིན་པའི་སློབ་གསོ་སློབ་ཁང་དུ་ཁྲིད་དེ། སློབ་མར་འབྲུ་རིགས་ལ་གཅེས་སྤྲས་དང་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ།  སྡེར་སྟོང་གི་གོམས་གཤིས་བཟང་པོ་ཆགས་དགོས་པ་བཅས་ཁྲིད་སྟོན་བྱས།
        སློབ་གྲྭ་དེའི་འགོ་འཛིན་གཞོན་པ་ལི་ཅིན་ཕིང་གིས་སློབ་གྲྭ་ཡིས་ཐོག་མཐའ་བར་གསུམ་དུ་ཧུར་བརྩོན་གྲོན་ཆུང་དར་སྤེལ་བཏང་ཡོད་པ་དང་། སློབ་གྲྭ་ཡོངས་ཀྱི་སློབ་མ་2400ལྷག་ལས90%གྲོང་གསེབ་ནས་ཡོང་བ་ཡིན་པས། སློབ་མ་ཚོའི་གྲོན་ཆུང་གི་འདུ་ཤེས་བལྟོས་བཅས་ཀྱིས་ཅུང་ཆེན་པོ་ཡོད། སློབ་དུས་གསར་པ་འགོ་ཚུགས་པ་ནས་བཟུང་ང་ཚོས་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཡོད་དེ། ཟ་ཁང་ལ་ཟ་མ་མཁོ་འདོན་དང་། ཟ་མ་ཟ་བར་ཕྱོགས་ཡོངས་ནས་དག་ཐེར་བྱས་ཡོད་ཞེས་ཟེར།

        དྲོས་ཇ་འཐུང་བའི་དུས་སུ་ཟ་ཁང་དུ་སོང་ན། སློབ་མ་ཚོས་སྒྲིག་ལམ་ལྡན་པའི་ངང་དགོས་མཁོར་གཞིགས་ནས་འབྲས་ལེན་བཞིན་ཡོད། སྔོན་ན་སློབ་མ་བུ་དང་བུ་མོ་སུ་འདྲ་ཞིག་ཡིན་རུང་། ལོ་རིམ་གང་ཞིག་ཡིན་རུང་ཚང་མར་ཟ་ཁང་གི་ལས་བྱེད་མི་སྣས་ཆ་སྙོམས་ཀྱིས་མཁོ་སྤྲོད་བྱས་པས། མཐར་ཁ་ཤས་ཟ་རྒྱུ་མི་འདང་བ་དང་ཁ་ཤས་ཟ་ཚར་རྒྱུ་མེད་པའི་གནད་དོན་བྱུང་། དག་ཐེར་ལེགས་བཅོས་བྱས་རྗེས་འབྲས་རང་གིས་བླངས་པ་དང་། སློབ་མས་ག་ཚོད་ཟས་ན་ག་ཚོད་བླུགས་ཏེ་འཕྲོ་བརླག་གཏོང་བའི་སྣང་ཚུལ་ཡང་ཅུང་ཉུང་དུ་སོང་ཡོད།
        ཟ་ཁང་གིས་ཟ་ཁང་ཁག་ཏུ་ད་དུང་ལས་རེས་དགེ་རྒན་གྱིས་གནས་གཏན་འཁེལ་གྱིས་སློབ་མར་ལྟ་སྐུལ་བྱེད་ཀྱི་ཡོད། སློབ་མར་སྡེར་སྟོང་གང་ཐུབ་བྱ་དགོས་པ་དང་། ཟ་མ་སྒྲོག་ཙེའི་ཐོག་བླུགས་མི་ཆོག་པ།  ཟས་ཟ་སའི་ཁོར་ཡུག་གཙང་སྦྲ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།  བཤལ་ཟོ་འགྲམ་དུའང་དགེ་རྒན་གྱིས་ཆེད་དུ་ལྟ་སྐུལ་བྱེད་ཀྱིན་ཡོད་ལ། སློབ་མའི་ཟས་ལྷག་ལ་ཞིབ་བཤེར་བྱས་ཏེ་མང་པོ་ལྷག་ཡོད་པའི་སློབ་མ་ལ་ཡུལ་དངོས་ནས་སློབ་སྟོན་བྱེད་པ་དང་འབྲེལ་འཛིན་གྲྭའི་ཀྲུའུ་རེན་ལ་བརྡ་ལན་སྤྲོད་ཀྱི་ཡོད། འདི་ལྟ་བུའི་ཡང་ཡང་སྐུལ་འདེད་སློབ་གསོའི་འོག་སློབ་མ་ཚོས་གོམས་གཤིས་བཟང་པོ་ཆགས་ཡོད།

        སློབ་གྲྭ་ཡོངས་ཀྱི་དགེ་རྒན་རྣམས་ཀྱིས་རང་ཉིད་ནས་འགོ་བརྩམས་ཏེ། ཚད་གཞི་ལྟར་ཟ་མ་ལེན་པ་དང་སྡེར་སྟོང་བཟོས་ནས་སློབ་མར་སྣེ་ཁྲིད་ཀྱི་ནུས་པ་བཟང་པོ་ཐོན་ཡོད། དེ་དང་ཆབས་ཅིག་སློབ་གྲྭས་ཁོར་ཡུག་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཟ་ཁང་དང་སྤྱི་པའི་འདུ་གནས་གཞན་དག་ཏུ་འགྲེམས་པང་དང་། དྲིལ་བསྒྲགས་སྒྲོམ་གཞི། དྲིལ་བསྒྲགས་སྦྱར་ཡིག་བཅས་མང་དུ་བཏང་ཡོད། འཛིན་གྲྭ་ཁག་གི་འཛིན་གྲྭའི་ཀྲུའུ་རེན་གྱིས་གཟའ་འཁོར་རེར་བརྗོད་བྱ་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་འཚོགས་པ་དང་དགེ་རྒན་གཞན་དག་གིས་སྤྱི་ཚོགས་རིང་ལུགས་ཀྱི་གཟི་བརྗིད་དང་ཞེ་ཁྲེལ་གྱི་ལྟ་བ་དང་ཧུར་བརྩོན་གྲོན་ཆུང་སོགས་ཀྱི་ནང་དོན་སློབ་ཁང་དུ་ཁྲིད་དེ། སློབ་མར་བྱ་བ་ཆུང་ཙམ་ནས་འགོ་རྩོམ་པ་དང་། འབྲུ་རིགས་ལ་གཅེས་སྤྲས་བྱས་ནས་གྲོན་ཆུང་བསྲི་ཚགས་ཀྱི་མིག་དཔེ་ཡག་པོ་ཞིག་བྱེད་རྒྱུར་ཁྲིད་སྟོན་བྱེས་ཡོད།

        སློབ་དུས་འགོ་ཚུགས་ནས་གཟའ་འཁོར་གཅིག་གི་ཚུན་དུ།  ཟ་ཁང་གིས་བཤལ་ཟོ་དེ་སྔོན་མའི་ཉིན་རེར་ཟོ་བ་ལྔ་རེ་ནས་ད་ལྟར་ཉིན་རེར་ཟོ་བ་གཉིས་ནས་གསུམ་བར་ཇེ་ཉུང་དུ་སོང་བ་དང་། སློབ་མས་ཟ་མ་ལེན་སྐབས་སྔོན་མའི་མིག་ཆེ་གྲོད་ཆུང་ནས་ད་ལྟར་དགོས་མཁོ་ལྟར་ཚད་རན་པོ་ལེན་པ། སློབ་གྲྭའི་གྲོན་ཆུང་གི་རྣམ་པ་རིམ་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པ་རེད།