ལོ10ཡི་རིང་བོད་ལྗོངས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་མི་ཐེངས་ཁྲི15.8ལ་གསོ་སྦྱོང་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-16   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        བོད་ལྗོངས་ཀྱིས་ད་ལྟའི་བར་དུ་དགེ་རྒན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་དགེ་རྒན་གྱི་ལས་དོན་སྔར་ལས་མངོན་གསལ་གྱི་གནས་བབ་ཐོག་བཞག་ནས་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་ཡོད། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། གྲངས་འབོར་སྤྱིར་ན་འདང་བ། གྲུབ་ཆའི་ཆུ་ཚད་ཕལ་ཆེར་བོད་ལྗོངས་ཀྱི་སློབ་གསོ་འཕེལ་རྒྱས་དང་འཚམ་པའི་དགེ་རྒན་དཔུང་ཁག་ཅིག་བཙུགས་ཡོད། 


        གསར་འགོད་པས་བོད་ལྗོངས་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན། སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡི་རྒྱབ་སྐྱོར་ཆེན་པོའི་འོག ཀྲུང་དབྱང་ནོར་སྲིད་ཀྱི“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞིའི”འགྲོ་གྲོན་བོད་ལྗོངས་ལ་སྔར་ལས་གཟིགས་སྐྱོང་བྱས་ཏེ་བོད་ལྗོངས་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་། ལོ་ངོ10ཡི་རིང་། ཀྲུང་དབྱང་གིས་བོད་ལྗོངས་ཀྱི“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞིའི”རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར3.23བཏང་བའི་ཁྲོད་དབུས་ནུབ་རྒྱུད་ཀྱི་རྣམ་གྲངས་སྒོར་དུང་ཕྱུར་1.7ལ་ཉེ་བ་དང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་བསྡོམས་པས་མི་ཐེངས་ཁྲི15.8ལ་གསོ་སྦྱོང་བྱས་པའི་ཁྲོད་དྲ་རྒྱའི་ཞིབ་འཇུག་ཟབ་སྦྱོང་རྣམ་གྲངས་བསྡོམས་པས་མི་ཐེངས་ཁྲི12.1ལ་ཉེ་བར་གསོ་སྦྱོང་བྱས་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)དང་རྫོང་དང་ཆུས74ཡི་བུ་བཅོལ་ཁང་གི་དགེ་རྒན་མི་ཐེངས་ཁྲི1.2ཙམ་ལ་གསོ་སྦྱོང་བྱས་ཏེ། “རྒྱལ་ཁབ་ཀྱི་གསོ་སྐྱོང་འཆར་གཞིའི་”སྐུལ་འདེད་འོག བོད་ལྗོངས་ཀྱིས“རྒྱལ་ཁབ་ཀྱི་གསོ་སྦྱོང་གཙོ་གནད་དུ་འཛིན་པ་དང་། ས་གནས་དང་རྫོང་གི་དགེ་རྒན་ཡོངས་ལ་འགན་སྲུང་བྱེད་པ། སློབ་གྲྭའི་རྩ་བ་སློབ་དཔྱོད་ལ་མཐོང་ཆེན་བྱེད་པ”བཅས་བསམ་ཕྱོགས་སུ་བྱས་ནས“རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པ། གྲོང་ཁྱེར(ས་ཁུལ)རིམ་པ། རྫོང་རིམ་པ། སློབ་གྲྭ་དེ”བཅས་རིམ་པ་ལྔའི་དགེ་རྒན་གསོ་སྦྱོང་མ་ལག་བཙུགས་ཡོད་པ་རེད།  །