སེམས་ཀྱི་ཉི་ཟླའི་ཞིང་བ་རྣམས་སྟོན་བསྡུའི་ལས་ལ་བྲེལ་བཞིན་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


ཟླ་བ་དགུ་པར་སེམས་ཀྱི་ཉི་ཟླའི་སྟོན་བསྡུའི་དུས་ལ་སླེབས་འདུག  ས་གནས་དེ་གའི་ཞིང་བ་རྣམས་ཀྱིས་རྩྭ་བསྡུ་བ་དང་ནས་རྔ་བ། ཡུངས་དཀར་རྔ་བ།  ཞོག་ཁོག་བརྐོ་བ་སོགས་ཀྱི་ལས་ལ་འབད་བཞིན་ཡོད། ལོ་ལྟར་གྱི་སྟོན་བསྡུ་བའི་དུས་ནི་ལས་ལ་བརྩོན་པའི་ཞིང་པ་རྣམས་བྲེལ་འཚུབ་ཆེ་བའི་དུས་ཞིག་ཡིན་ལ།  ལོ་ལེགས་བྱུང་ནས་ཡིད་སེམས་དགའ་བའི་དུས་ཀྱང་ཡིན།

        ནས་ནི་སེམས་ཀྱི་ཉི་ཟླའི་ཞིང་འབྲོག་པའི་འབྲུ་རིགས་ལོ་ཏོག་གཙོ་བོ་ཡིན་ལ། ས་གནས་དེ་གའི་བོད་རིགས་མི་དམངས་ཀྱི་བཟའ་བཅའ་གཙོ་བོ་ཡང་ཡིན། མི་རྣམས་ཀྱིས་རྒྱུན་པར་ནས་ཀྱིས་རྩམ་པ་འཐག་པ་དང་ཆང་རག་བསྙལ་བ།  ནས་སོག་ནི་ས་གནས་དེ་གའི་ཕྱུགས་ཟོག་གི་དགུན་དུས་ཀྱི་གཟན་རྩྭ་གཙོ་བོ་ཡིན། 


        ཚན་རྩལ་ཡར་ཐོན་དང་དཔལ་འབྱོར་འཕེལ་རྒྱས། མི་རྣམས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མི་ཆད་པར་ཇེ་མཐོར་འགྲོ་བ་དང་ཆབས་ཅིག  སེམས་ཀྱི་ཉི་ཟླའི་ཞིང་བ་རྣམས་ཀྱིས་ནས་རྔ་སྲོལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། སྔོན་ཆད་མི་རྣམས་ཀྱིས་མི་རེ་རེར་ཟོར་བ་རེ་རེ་བཟུང་སྟེ་སྐེད་པ་སྒུར་ནས་ནས་རྔ་དགོས་པ་དང་།  ད་ལྟར་སྲོལ་རྒྱུན་གྱི་བྱེད་སྟངས་སོར་འཇོག་བྱེད་མཁན་ཇེ་ཉུང་དུ་ཕྱིན་ཏེ་མང་ཆེ་བས་ཞིང་འབྲེག་འཕྲུལ་ཆས་དང་འདྲུད་འཐེན་འཕྲུལ་འཁོར་སོགས་སྤྱད་དེ་སྔོན་གྱི་མི་ཤུགས་མང་པོ་གཏོང་དགོས་པ་སོགས་ཀྱི་གནད་དོན་སེལ་བར་མ་ཟད། ལས་ཀའི་སྤུས་ཚད་དང་ལས་ཕྱོད་ཀྱང་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་ཡོད་པ་རེད།