བྱིས་པ་རྫུན་བཤད་རྒྱུར་དགའ་བའི་རྒྱུ་མཚན་ཅི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-14   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        བྱིས་པས་དོན་དངོས་དང་མི་མཐུན་པའི་སྐད་ཆ་བཤད་པའི་རྒྱུ་རྐྱེན་ནི། བྱིས་པའི་ཤེས་ཚོར་དང་བསམ་བློ་གཏོང་སྟངས་ལ་འབྲེལ་བ་ཡོད་པར་མ་ཟད། ཁྱིམ་བདག་གི་བསམ་བཞིན་མིན་པའི་མིག་དཔེ་དང་ཡང་ན་འོས་འཚམ་མིན་པའི་སློབ་གསོའི་བྱེད་ཐབས་ཀྱིས་ཤུགས་རྐྱེན་ཐེབས་པས་ཡིན་སྲིད། བྱིས་པ་སྐྱོང་ན་སྔོན་ལ་སློབ་གསོ་ལེགས་པོ་གཏོང་དགོས། བྱིས་པ་རྫུན་གཏམ་རྒྱུར་མ་ལོབས་པའི་སྔོན་ལ་ཁྱིམ་བདག་གིས་བྱིས་པའི་བསམ་པ་དང་བརྩེ་དུང་གི་སེམས་ཁམས་ལ་རྒྱུས་ལོན་བྱེད་དགོས། དུས་མཚུངས་སུ། སློབ་གསོ་གཏོང་བའི་བྱེད་ཐབས་སྤྱད་ནས་བསམ་ཞིབ་དང་དུས་བསྟུན་འགྱུར་ལྡོག་ལ་སྤྱི་སྡོམ་ཡག་པོ་བྱེད་དགོས།

        གང་ཡིན་འདི་ཡིན་ཤེས་ཀྱིན་མེད་པ། ལོ་གསུམ་ལས་ཆུང་བའི་བྱིས་པ་དག་ལ་མཚོན་ན། དུས་ཚོད་དང་བར་སྟོང་། གྲངས་ཀ། མི་སྣའི་འབྲེལ་བ་སོགས་ལ་དེ་འདྲའི་གསལ་ཆ་མེད་པས། རྒྱུན་པར་རྫུན་བཤད་བཞིན་པ་ཤེས་ཀྱིན་མེད་པ་རེད། དཔེར་ན། སྔོན་ཆད་ཀྱི་དོན་དག་ཚང་མ་ཁ་སང་གི་དོན་དག་ཏུ་འདོད་ཀྱིན་ཡོད་པ་ལྟ་བུ།

        ཉེས་ཆད་ལ་གཡོལ་བ། གནས་ཚུལ་གང་མང་ཞིག་གི་འོག་ཏུ་བྱིས་པས་རྫུན་བཤད་པ་ནི་ཉེས་ཆད་ལ་གཡོལ་བའི་ཆེད་དུ་ཡིན། དཔེར་ན། རྒྱུགས་འབྲས་མི་བཟང་བ་དང་གཏོར་བརླག་དང་དེ་མིན་ཆག་སྒོ་བཟོས་རྗེས་ཁྱིམ་བདག་གི་བཀའ་ཆད་ལ་སྐྲག་པ་རེད།

མི་དར་མར་ལད་མོ་བྱེད་པ། བྱིས་པས་མཚམས་ལམ་རེར་ཕ་མ་དང་ཡང་ན་བརྙན་འཕྲིན་ནང་དུ་རྫུན་བཤད་པའི་བརྙན་རིས་དང་འཕྲད་ཚེ། དོན་དེར་མཚར་བོ་སྐྱེས་ནས་ལད་མོ་བྱེད་པ་རེད།

        ཁས་ལེན་ཐོབ་པ། བྱིས་པ་ལ་ལའི་བསམ་པའི་འཆར་སྒོ་ཕུན་སུམ་ཚོགས་པས། གནས་ཚུལ་ཞིབ་བརྗོད་བྱེད་སྐབས་རང་རང་གི་དྲན་ཚུལ་ལམ་འདོད་བློ་ལྟར་རྣམ་པ་དང་མི་སྣ་རྟོགས་བཟོ་བྱས་ནས་རྣམ་འགྱུར་གསོན་ཉམས་ལྡན་པ་ཞིག་ཏུ་གཏོང་གིན་ཡོད།

        རྒོལ་ལན་སློག་པ། བྱིས་པ་མང་ཆེ་བ་རྫུན་བཤད་རྒྱུར་དགའ་བ་ནི་ཕ་མས་བྱིས་པའི་དོན་དག་མང་པོར་ཐེ་གཏོགས་བྱས་པ་ཐལ་དྲགས་པའི་སྟབས་རེད། དཔེར་ན། བྱིས་པས་ལས་བྱ་འབྲི་བའི་སྐབས་སུ་ལན་རེར་འདི་ལས་ཟེར་བ་དང་། མཚམས་རེར་གན་ལས་ཟེར་དུས་བྱིས་པར་སུན་སྣང་སྐྱེས་ནས། ངག་ནས“ངས་མི་ལས། མི་ལས”ཞེས་པའི་སྐད་ཆ་བཤད་དེ་རྒོལ་ལན་སློག་པ་རེད། །