ཁྱེད་ཀྱི་ཕ་ཡུལ་ན་སིལ་ཏོག་འདི་འདྲ་ཨེ་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-14   རྩོམ་ཁུངས།    ​ སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ལོ་རེའི་ཟླ6པ་ནས་ཟླ9པའི་བར་དུ།རྒྱལ་ལམ་214རྒྱུད་ཀྱི་ཀོང་རྩེད་ར་དང་།སེམས་ཀྱི་ཉི་ཟླའི་ཐང་བཤམས་ལས་གཉེར་ཁུལ། ཞིང་ཟོག་ཁྲོམ་ར་སོགས་སུ་ས་གནས་རང་གི་ཡུལ་སིལ་སྣ་མང་བཙོང་བཞིན་ཡོད།འདིའི་ཁྲོད་དུ་སིལ་ཏོག་ཚེར་ལུ་ནི་འོད་མདངས་བཀྲ་བའི་ཁྱད་ལྡན་ཐོན་རྫས་ཞིག་ཏུ་གྱུར་ཡོད་དེ། ས་གནས་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་མ་ཟད།གནས་འདིར་ཡུལ་སྐོར་དུ་འོང་བའི་མགྲོན་པོ་རྣམས་ཀྱིས་ཀྱང་སིལ་ཏོག་ཚེར་ལུ་ལ་དགའ་བསུ་ཐོབ་བཞིན་ཡོད།།    

     

        སིལ་ཏོག་ཚེར་ལུ་ནི་གཙོ་བོ་བདེ་ཆེན་གྱི་ཀོང་རྩེད་ར་དང་ཉི་ཤར་སོགས་སུ་སྐྱེས་ཡོད་ལ།གྲོང་མི་ཚོས་དབྱར་ཟླ་དྲུག་པ་ནས་སིལ་ཏོག་འཐུས་ཏེ་ཁྲོམ་རའི་ཐོག་བཙོང་བཞིན་ཡོད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཐང་བཤམས་ལས་གཉེར་ཁུལ་དུ་ཚོང་རྒྱག་བཞིན་པའི་ཀོང་རྩེད་རའི་ཡུལ་མི་ཚེ་སྒྲོལ་གྱིས་བཤད་ན་ལོ་རེར་མོས་སིལ་ཏོག་ཚེར་ལུ་ལ་བརྟེན་ནས་སྒོར་ཁྲི1ཡས་མས་བཙལ་ཐུབ་ལ།ཁོང་ཚོའི་གྲོང་ཚོ་རུ་ཁོ་མོ་དང་འདྲ་བར་སིལ་ཏོག་ཚེར་ལུ་བཙོང་མཁན་ཡང་མང་ཟེར་བས།སིལ་ཏོག་ཚེར་ལུ་ཡང་ས་གནས་མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་གྲས་ཤིག་ཏུ་འགྱུར་ཡོད་པ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན།སིལ་ཏོག་ཚེར་ལུ་ལ་ཕུན་སུམ་ཚོགས་པའི་ཚད་ཉུང་མ་རྒྱུ་དང་སྤྲི་དཀར་རྫས།ཨན་རྨང་སྐྱུར།འཚོ་རྒྱུ་རིགས་སྣ་མང་འདུས་ཡོད་པས། དབུགས་ཀྱི་རྒྱུ་བ་དང་ཁྲག་གི་འཁོར་རྒྱུགས།རླན་སེལ་ཚ་བ་འཇོམས་པ་སོགས་ཀྱི་ནུས་པ་ལྡན་ཡོད་པ་རེད།