འབའ་ལུང་རྫོང་ཀྲོང་ལོའུ་ཤང་དུ་ཡོད་པའི་ཐུའོ་པ་གློག་ཚིགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        འབའ་ལུང་རྫོང་ཀྲོང་ལོའུ་ཤང་དུ་ཡོད་པའི་ཐུའོ་པ་གློག་ཚིགས་ནི་རྫ་ཆུའི་ཆུ་གཞུང་སྟོད་རྒྱུད་ཀྱི་ཆུ་མཛོད་དང་པོའི་རིམ་པ་བདུན་ཅན་གྱི་ཆུ་གློག་གསར་སྤེལ་ཁྲོད་ཀྱི་སྐས་རིམ་གློག་ཁང་ཨང་བཞི་པ་དེ་ཡིན་པ་རེད། འདི་ནི་ཧྭ་ནེང་རྫ་ཆུའི་ཚོགས་པས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་200བཏང་ཡོད་ལ། གློག་ཁང་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཝ་ཀ་ཁྲི140ཟིན་ཡོད། མིག་སྔར་རྣམ་གྲངས་དེར་མ་དངུལ་སྒོར་དུང་ཕྱུར་70བཏང་ཟིན་པ་དང་སྔོན་དཔག་བྱས་ན་ཕྱི་ལོའི་ཟླ་10པར་ཆུ་འཐེན་པའི་དུས་མཚམས་སུ་སླེབས་རྒྱུ་རེད། འདི་ནི་གློག་ཁང་གི་ཆུ་བེད་ལྟེ་བའི་ལས་གྲྭའི་ཨར་ལས་ཡུལ་དངོས་ཀྱི་པར་རིས་ཡིན།