ཨོང་སྐམ་གྱིས་ཕྱུག་འགྱུར་གྱི་ལམ་བུ་གསར་བ་བཏོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        འཛམ་ཐང་རྫོང་སྐྱེ་ལྡན་འབུད་རྫས་ཚད་ཡོད་འགན་འཁྲི་ཀུང་སི་ན་བཟོ་བ་རྣམས་ཀྱིས་ལྕི་བ་ལས་སྣོན་བྱེད་བཞིན་ཡོད། ཀ་ཐོག་ཡུལ་ཚོ་རབ་ཁ་གྲོང་སྡེའི་འབྲོག་པ་བསམ་གཏན་གྱིས་དཀར་མཛེས་ཁུལ་ནས་ཚོང་ཧ་ཅང་བྲིན་པའི་རིལ་མ་ལས་སྣོན་ཀུང་སི་ཞིག་ཡོད་པ་ཤེས་རྗེས། ཁོ་ལའང་འཕྲལ་དུ་རང་རྫོང་དུ་ལྕི་རློན་ལས་སྣོན་ཀུང་སི་ཞིག་འཛུགས་རྒྱུའི་བསམ་པ་སྐྱེས།

          ཚོད་ལྟ་ཡང་ཡང་བྱས་ཏེ། བསམ་གཏན་གྱིས་ལྕི་བ་ཧྲེ་ཧྲི་ཏུའུ་80ནས་100བར་གྱི་ཆ་རྐྱེན་འོག་ཆུ་ཚོད་8ནས་10བར་བརྒྱུད་སྐྱེ་ལྡན་སྙིགས་རོ་དབྱེ་ཕྲལ་བྱས་ནས་བསྙལ།ད་དུང་དེའི་ནང་དུ་ཤིང་བཟོའི་བེད་མེད་དུ་བསྐྱུར་བའི་ཤིང་བལ་བཏང་།རང་བྱུང་གི་རླུང་སྐམ་བརྒྱུད་མཐར་ཚད་ལྡན་གྱི་འབར་རྫས་སུ་གྱུར། ལྕི་བ་ལ་ཁ་གྱེས་པ་དང་། རྫུས་བཟོ། ཉི་མ་བསྲོ་བ། རླུང་སྐམ་སོགས་ལས་རིམ་མང་པོ་ལས་སྣོན་བྱས་པ་བརྒྱུད།འབར་ཡུན་ལྡབ་གཅིག་ལྷག་ཇེ་རིང་དུ་སོང་བར་མ་ཟད། ད་དུང་ཐབ་ཐལ་ཇེ་ཉུང་དུ་གྱུར། བསམ་གཏན་གྱིས་ད་དུང་ཤུག་པ་དང་རྩམ་པ་སོགས་ཀྱིས་ལྕི་བ་དང་འདྲ་བར་སྤོས་དང་དྲི་ཞིམ་རྫས་སོགས་ཐོན་རྫས་མི་འདྲ་བ་སྣ་ཚོགས་ལས་སྣོན་བྱས་ཡོད།2020ལོའི་ཟླ་6པར་ཀུང་སི་དངོས་སུ་ཐོ་འགོད་བྱས་རྗེས་སྐྱེ་ལྡན་འབར་རྫས་དངོས་སུ་ཐོན་སྐྱེད་བྱས། ལྕི་བ་འདི་དག་ལས་སྣོན་བྱས་རྗེས་དཀར་མཛེས་དང་མཚོ་སྔོན་སོགས་སུ་བཙོང་དང་འཚོང་བཞིན་ཡོད།

         མིག་སྔར་ཀུང་སི་དེར་མངགས་ཐོ་ཁྲི་3ལྷག་འབྱོར་ཡོད། སྔོན་དཔག་བྱས་ན་ད་ལོར་སྒོར་ཁྲི་48ལྷག་ལ་བསླེབ་རྒྱུ་རེད། ཀུང་སིའི་རྒྱ་ཁྱོནརིམ་བཞིན་ཇེ་ཆེ་རུ་ཕྱིན་པ་དང་བསྟུན་ནས། ཀུང་སི་རུ་དུད་ཚང་དབུལ་བོ་10ལྷག་ལས་ཞུགས་ཐུབ་ཡོད།