མཚར་སྡུག་གི་ཚྭ་ཁ་ཚྭ་མཚོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-07   རྩོམ་ཁུངས།    གངས་ལྗོངས་འཕྲིན་གསར།

        སྟོན་གྱི་བུ་མོ་ག་ལེར་བྱོན་ཡང་ཚྭ་ཁ་ཚྭ་མཚོའི་ཡུལ་སྐོར་གྱི་ཚ་རླབས་ནི་འཇགས་ཐབས་བྲལ། ཐུན་མོང་མ་ཡིན་པའི་ཚྭ་མཚོའི་སྐྱེ་ཁམས་མཛེས་ལྗོངས་ཀྱིས་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་སྔར་བཞིན་བཀུག་ནས་གདའ།

ཚྭ་ཁ་ཚྭ་མཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལམ་རྫོང་ཚྭ་ཁ་གྲོང་རྡལ་དུ་གནས་པའི་རང་བྱུང་ཞུན་ཆགས་ཀྱི་ཚྭ་མཚོ་ཞིག་རེད། མཚོ་ངོས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3100ཡིན་པ་དང་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ105ཟིན་ཡོད། ཚྭ་ཁ་ཚྭ་མཚོ་དང་སྐུ་འབུམ་བྱམས་པ་གླིང་། མཚོ་སྔོན་པོ། མུན་ཏ་གནམ་མཚོ་བཅས་ཀྱི་སྙན་གྲགས་འདྲ་མཚུངས་ཡིན་ཞིང་། མཚོ་སྔོན་གྱི་མཛེས་ལྗོངས་ཆེན་པོ་བཞིའི་ཡ་གྱལ་ཡིན།