བདེ་ཆེན་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་ནར་འགྱངས་བྱས་ནས་འཚོགས་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།བདེ་ཆེན་ཁུལ་ཨུ་ཁུལ་སྲིད་གཞུང་གིས་ཉེ་ཆར་བརྡ་ཐོ་བཀྲམས་པ་སྟེ། ནུས་ཤུགས་ཡོད་རྒུས་སྟོན་དགུན་གཉིས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལ་དམག་འཐབ་ཡག་པོ་རྒྱག་པ་དང་།  བདེ་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ནད་ཡམས་འགོས་མེད་པའི་གནས་ཚུལ་ལེགས་པོར་སྲུང་སྐྱོང་བྱ་ཆེད།    དེ་སྔའི་འཆར་གཞི་ལྟར་གྱི་2020ལོའི་ཟླ་9པར་གཉེར་བའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་དུས་སྟོན་བྱེད་སྒོ་སྐབས་དང་པོ་ནར་འགྱངས་བྱས་ནས་གཉེར་རྒྱུ་ཡིན་པ་དང་ཞིབ་ཕྲའི་དུས་ཚོད་རྗེས་ཕྱོགས་ནས་བརྡ་ཐོ་གཏོང་རྒྱུ་རེད།

    《བརྡ་ཐོའི》ནང་རིག་གནས་ཡུལ་སྐོར་དུས་ཆེན་དུ་ཤང་སོ་སོའི་གྲ་སྒྲིག་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། རིག་གནས་དང་། ལུས་རྩལ། ཚོང་དོན་སོགས་ཀྱི་བྱེད་སྒོའི་རྣམ་གྲངས་གཉེར་ཡུན་ནར་འགྱངས་བྱས་པ་ལ་ཚོ་ཆུང་ཁག་གི་སྣེ་ཁྲིད་སྡེ་ཚན་གྱིས་སྡེ་ཚན་གྱི་རྒྱུན་གཏན་ལས་ཀའི་ནང་དོན་ནང་བཅུག་ནས་བྱེད་སྒོའི་ནང་དོན་དང་བྱེད་སྟངས་སྔར་བས་ལེགས་སྒྲིག་བྱེད་དགོས་ལ།   གོམ་སྟབས་རྗེས་མར་བྱེད་སྒོ་འཚོགས་པར་སྤུས་ཚད་མཐོ་བའི་ཇུས་གཞི་མཁོ་འདོན་བྱ་རྒྱུའི་འགན་ལེན་བྱེད་དགོས།   རྣམ་གྲངས་སྐུལ་སྤེལ་ཚོ་ཆུང་གི་སྣེ་ཁྲིད་ཚན་པ་ཁག་གིས་རིག་གནས་ཡུལ་སྐོར་དུས་ཆེན་དང་འབྲེལ་བ་ཡོད་པའི་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་བྱེད་པའི་ལས་དོན་ལ་མུ་མཐུད་སྐུལ་འདེད་དང་དམ་འཛིན་ཡག་པོ་བྱེད་དགོས། དེའི་ནང་ཡུལ་སྐོར་ཞབས་ཞུ་དང་གངས་འཁྱག་ཡུལ་སྐོར་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས། གྲོང་ཁྱེར་དོ་དམ་སྒྲིག་བཀོད་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས། ལམ་ཁོངས་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་སོགས་ཚུད་ཡོད། ལྷག་པར་དུ་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་རིག་གནས་ཡུལ་སྐོར་ཞབས་ཞུའི་རྣམ་གྲངས་འཛུགས་སྐྲུན་དང་ཡུལ་སྐོར་ཞབས་ཞུའི་ཐོན་རྫས་འོས་སྦྱོར་སོགས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། རིག་གནས་གནས་སྐོར་ལས་རིགས་བརྟན་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱུང་དུ་འཇུག་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལམ་གཉིས་ཤར་གཏོང་བྱ་རྒྱུ་གཙོ་གནད་དུ་འཛིན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁག་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ལོ་འདིའི་ནང་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་པར་བསྟན་ཡོད།