ཟླ་འོད་ཐང་ཆེན་ན་སྤུན་ཟླ་མི་རིགས་ཁག་གི་མཐུན་སྒྲིལ་བཟང་།

རྩོམ་པ་པོ།   ཡུས་ཧྥུའུ་ཆོན།  ཡིག་བསྒྱུར།       དུས་ཚོད།   2020-09-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ལྒང་ཞུ་རེ་རེའི་འོད་སྣང་གསལ་ལམ་མེར་བཀྲ་བ་ན།    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་འཁྲུག་ཆ་དོད་པོའི་རྣམ་པ་ཞིག་གང་སར་ཁྱབ་ཡོད།    བོད་ཀྱི་སྒོར་གཞས་དང་པི་ཝང་།  ལི་སུའུ་རིགས་ཀྱི་ཨ་ཁྲེ་མུའུ་ཀ     འཇང་རིགས་ཀྱི་ཨ་ཁ་པ་ལ།དབྱིས་རིགས་ཀྱི་ཏ་ཐི་ཞབས་བྲོ།     སྙན་ཞིང་འཇེབས་པའི་མི་རིགས་གླུ་གར་གྱིས་ཡུལ་སྐོར་བ་རེ་རེ་མ་བོས་མགྲོན་དུ་ཕེབས་པ་བཞིན་གླུ་གར་གྱི་རྒྱ་མཚོར་དྲངས་ཡོད།   ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་དང་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཀྱིས་སྐད་རིགས་མི་འདྲ་བའི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་མཉམ་དུ་བླངས་ཏེ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བྱུང་། 

ལི་སུའུ་རིགས་ཀྱི་འཁྲབ་སྟོན་རུ་ཁག་གིས་ཞབས་བྲོ་འཁྲབ་པ།

 ཟླ་7པའི་ཟླ་མཇུག་ནས་བཟུང་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་བདེ་ཆེན་ཁུལ་གྱིས་མི་རིགས་ཀྱི་དམངས་ཁྲོད་གླུ་གར་རྒྱུན་རྣམ་ཅན་གྱི་འགྲེམས་འཁྲབ་བྱེད་སྒོ་རིམ་བཞིན་སླར་གསོ་བྱས་ཡོད།

    བདེ་ཆེན་གྱི་ཕུལ་བྱུང་མི་རིགས་དམངས་ཁྲོད་ཀྱི་གླུ་གར་རིག་གནས་རྒྱུན་འཛིན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་།གྲོང་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་སེམས་ཀྱི་ཉི་ཟླའི་སྣ་མང་མི་རིགས་རིག་གནས་མངོན་པར་བྱ་ཆེད།བདེ་ཆེན་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་2018ལོའི་ཟླ་6པར་གདོད་མའི་སྣོད་བཅུད་མི་རིགས་ཀྱི་དམངས་ཁྲོད་གླུ་གར་འཁྲབ་སྟོན་བྱེད་འགོ་ཚུགས་ཡོད།    ཐོག་མར་རྒྱལ་ཐང་སྐོར་བྲོ་དང་བོད་ཀྱི་པི་ཝང་གཉིས་ཀྱི་འཁྲབ་སྟོན་རུ་ཁག་མ་གཏོགས་མེད།ཟླ་རེར་ཉིན་གཉིས་རིང་དང་ལྔའི་རིང་གི་བར་མཚམས་བརྒྱུད་ནས་འཁྲབ་སྟོན་བྱས་པར་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་དང་ཕྱི་ནས་ཡོང་བའི་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད།  རིམ་བཞིན་འཁྲབ་སྟོན་བྱེད་པའི་དཔུང་སྡེ་ཇེ་མང་ནས་ཇེ་མང་དུ་སོང་ནས་རྗེས་སུ་ལི་སུའུ་རིགས་དང་།འཇང་རིགས། དབྱིས་རིགས་བཅས་ཚུད་པའི་འགྲེམས་འཁྲབ་རུ་ཁག་10ལ་འཕར་བ་དང་། སྒྲིག་འཛུགས་བྱེད་མཁན་གྱིས་འགྲེམས་འཁྲབ་རུ་ཁག་རེར་ཟླ་རེར་དགོང་མོ་གསུམ་ལ་འཁྲབ་སྟོན་བྱ་རྒྱུའི་བཀོད་སྒྲིག་བྱས་ཡོད།

བོད་རིགས་བུད་མེད་ཚོས་ཟླ་འོད་ཐང་ཆེན་དུ་ཞབས་བྲོ་འཁྲབ་བཞིན་པ།

     ད་ལོའི་ལོ་འགོར་ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཐེབས་པས་བདེ་ཆེན་ཁུལ་གྱིས་མི་རིགས་ཀྱི་དམངས་ཁྲོད་གླུ་གར་རྒྱུན་རྣམ་ཅན་གྱི་འགྲེམས་འཁྲབ་ཚུད་པའི་འདུ་འཛོམས་རང་བཞིན་གྱི་རོལ་རྩེད་བྱེད་སྒོ་མཐའ་དག་མཚམས་འཇོག་ཏུ་བཅུག་པ་རེད།   དབྱར་དུས་ནི་སེམས་ཀྱི་ཉི་ཟླར་མཚོན་ན་ཡུལ་སྐོར་དུ་ཡོང་མཁན་ཆེས་མང་ཤོས་ཀྱི་དུས་ཚིགས་ཤིག་ཡིན་ཞིང་། ལས་ཞུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། བདེ་ཆེན་ཁུལ་གྱིས་ཕྱོགས་བཞིའི་སྐུ་མགྲོན་ཀུན་ལ་འཆམ་མཐུན་སེམས་ཀྱི་ཉི་ཟླའི་མི་རིགས་ཀྱི་དམངས་ཁྲོད་གླུ་གར་འཁྲབ་སྟོན་བྱ་རྒྱུ་རིམ་བཞིན་སླར་གསོ་བྱས་པ་རེད།

བདེ་ཆེན་མི་རིགས་དམངས་ཁྲོད་གླུ་གར་གྱི་འཁྲབ་སྟོན་ལ་ཞིབ་ཏུ་བལྟས་ན།