བདེ་ཆེན་གྱི་མི་རིཊ་མཐུན་སྒྲིལ་ཡར་ཐོན་ཟླ་བའི་བྱེད་སྒོ་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

    ཟླ་9པའི་ཚེས་1ཉིན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་སྐབས་སུ།བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་བྱེད་སྒོ་ཐེངས་11པ་དེ་ཡང་སེམས་ཀྱི་ཉི་ཟླ་ཟློས་གར་ཁང་དུ་སྤེལ་འགོ་ཚུགས་པ་རེད།

       རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཞིབ་བཤེར་སིའི་སི་ཀྲང་གཞོན་པ་ལི་ཀྲུང་ཞེ་མཐུན་ཚོགས་བྱེད་སྒོར་ཞུགས་ཡོད།ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་དབྱི་ཀྲིས་ཤིས་ཚིག་གནང་བ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལུའུ་ཡུང་ཡའོ་ཡིས་བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་བྱེད་སྒོ་ཐེངས་11པ་དངོས་སུ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

 ཝང་དབྱི་ཀྲིས་ཤིས་ཚིག་གནང་བ།    

      ལུའུ་ཡུང་ཡའོ་ཡིས་བྱེད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲཊ་གནང་།

 ཝང་དབྱི་ཀྲིས་ཤིས་ཚིག་གསུང་སྐབས་བསྟན་དོན།     མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲ་ཞིང་བརྟན་པའི་རྨང་རྡོ་ཡིན་ལ།ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་རྩ་བའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། དེ་བས་ཀྱང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་ཡིན།ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་འཕེལ་རྒྱས་གཏོང་རྒྱུ་དེ་མི་རིགས་ས་ཁུལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་ལྡེ་མིག་ལྟ་བུར་བརྩིས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་རླབས་ཆེན་མེས་རྒྱལ་གྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།    ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྫོང་(གྲོང་ཁྱེར)དབུལ་པོ་གསུམ་ཚང་མས་དབུལ་ཞྭ་ཕུད་ནས་ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད།   ང་ཚོས་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་མྱུར་བགྲོད་གཞུང་ལམ་དང་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་ལ་ཉེ་བ་ཡོད། ང་ཚོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་ཆད་མེད་པར་མིའི་སེམས་ལ་ཟུག་པར་བྱས་ཡོད། ང་ཚོས་ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གཏིང་ཟབ་ངང་སྤེལ་ནས་འདྲ་མཉམ་དང་།མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་དུ་བཏང་བ་དང་།ཁུལ་ཡོངས་ཀྱི་ཆབ་སྲིད་སྤྱི་ཡོངས་བརྟན་ལྷིང་དང་། དཔལ་འབྱོར་རྒྱུན་མཐུད་གོང་འཕེལ། མི་རིགས་མཐུན་སྒྲིལ་ཡར་ཐོན།ཆོས་ལུགས་ཞི་མཐུན་དང་གོ་རིམ་ལྡན་པ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱས་ཡོད་ཅེས་བསྟན།  

      ཝང་དབྱི་ཀྲིས་གོམ་སྟབས་རྗེས་མའི་ལས་ཀའི་ཁྲོད།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་།ཡུན་ནན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སོགས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་སྟོབས་ལྡན་འོག    འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་།    གདེང་ཚོད་བཞི་བརྟན་དུ་གཏོང་བ།   སྲུང་སྐྱོང་གཉིས་ཐུབ་པ་བྱས་ནས་གོང་འོག་གཅིག་སྒྲིལ་དང་གོ་སྐབས་དམ་འཛིན་བྱེད་དགོས།   སེམས་ནུས་གཅིག་སྒྲིལ་དང་ཤུགས་སྐྱེད་སྟོབས་སྤེལ་གྱིས་བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཁྲོད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས།སྔར་བས་དཔའ་ཉམས་ལྡན་པའི་རྣམ་འགྱུར་ཐོག་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱེད་པའི་དམིགས་འབེན་རླབས་པོ་ཆེའི་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་དགོས།དཔལ་འབྱོར་དར་རྒྱས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་དུས་རབས་གསར་པ་དང་བདེ་ཆེན་གསར་པ་འཛུགས་སྐྲུན་བྱེད་པར་འབུལ་འོས་པའི་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན། 

  ཀྲང་ཝུའེ་ཏུང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་།   

    རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་གི་ཁོངས་མི་བྱེད་སྒོའི་ཁྲོད་ཞུགས་ཡོད།   ཡུས་ཧྲེང་ཞང་སོགས་ཁུལ་རིམ་པའི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་།གྲངས་ཉུང་མི་རིགས་ཁག་གི་འཐུས་མི། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་མདུན་སྐྱོད་དགུའི་ཚན་པའི་འཐུས་མི་དང་དེ་བཞིན་མང་ཚོགས་ཀྱི་འཐུས་མི་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།

    ཉིན་དེའི་དགོང་མོར་བྱེད་སྒོའི་ནང་ཞུགས་མཁན་འགོ་ཁྲིད་དང་དེ་བཞིན་འབྲེལ་ཡོད་མི་སྣས་ད་དུང《བདེ་ཆེན་ཁྱིམ་ཚང་གཅིག་ལྟར་བརྩེ་བ》ཞེས་པའི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་མཚན་ཚོགས་ལ་བལྟས་པ་རེད།

《བདེ་ཆེན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི》མཚན་ཚོཊ་པར་རིས།