འཛམ་གླིང་གི་ཟིན་ཐོ་བསྐྲུན་པའི་བོད་ཀྱི་བྱུ་རུའི་ཞལ་ཐང་ཆེན་མོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-02   རྩོམ་ཁུངས།    མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

       ཉེ་སྔོན། བྱུ་རུ་གཙོ་བྱས་ནས་བཞེངས་པའི་འཚེམ་དྲུབ་ཀྱི་བདེ་ཆེན་ཞིང་བཀོད་ཐང་ཀ་ཆེན་མོ་ལ་འཛམ་གླིང་གི་ཆེས་ཆེ་བའི་བྱུ་རུའི་ཞལ་ཐང་ཞེས་པའི་མཚན་སྙན་ཐོབ་ནས་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཕིའི་ཏུའུ་རུ་འཛམ་གླིང་གི་ཟིན་ཐོའི་དཔང་ཡིག་སྤྲོད་པའི་མཛད་སྒོ་སྤེལ་ཞིང་། འཛམ་གླིང་གི་ཟིན་ཐོ(WRCA) དབྱིན་ཇི་རྒྱལ་ཁབ་ཀྱི་གཞུང་ཕྱོགས་འཐུས་ཚབ་པས་ལྷ་རིས་པ་ཨོ་རྒྱན་རྡོ་རྗེ་ལ་འཛམ་གླིང་གི་ཟིན་ཐོའི་དཔང་ཡིག་སྤྲད་པ་རེད།

       བྱུ་རུ་གཙོ་བོ་བྱས་ནས་བཞེངས་པའི་འཚེམ་དྲུབ་ཀྱི་བདེ་ཆེན་ཞིང་བཀོད་ཐང་ཀ་ཆེན་མོའི་མཐོ་ཚད་ལ་སྨི7.1དང་། ཞེང་ཚད་ལ་སྨི5.68ཡོད་ཅིང་། བྱུ་རུ48500དང་གོས་ཆེན་སྤུས་ལེགས་རིགས་སྣ་ཚོགས་ལས་གྲུབ་ཅིང་། ལྷ་རིས་པ་ཨོ་རྒྱན་རྡོ་རྗེ་གཙོས་པའི་ལྷ་རིས་པ་བདུན་གྱིས་ལོ་ངོ་གཉིས་ཙམ་གྱི་རིང་ལ་བཞེངས་པ་ཞིག་རེད།