སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་བདེ་ཆེན་ཁུལ་དུ་ལན་ཆ་བཟང་བོ་བྱུང་བ།

རྩོམ་པ་པོ།   པདྨ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2020-09-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

     ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཟླ་8ཚེས་28ཉིན་ནས་ཚེས་29ཉིན་བར་པེ་ཅིང་དུ་འཚོགས་པ་རེད།རང་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གསར་འགྱུར་སྨྱན་སྦྱོར་བརྒྱུད་ནས་བཞུགས་མོལ་ཚོགས་འདུའི་གསར་འགྱུར་གནས་འཕྲིན་ལ་གསན་གཟིགས་བྱས་པ་དང་།དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་དང་“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་ནས་དུས་རབས་གསར་པའི་བདེ་ཆེན་གསར་པ་ནུས་ཤུགས་ཡོད་རྒུས་སྐྲུན་རྒྱུ་ཞེས་བསྟན་པ་རེད།

        སྐུ་ཞབས་བློ་ལགས་ནི་ཁེར་རྐྱང་བཟོ་ཚོང་དུད་ཚང་ཞིག་ཡིན།ལོ་གསུམ་གོང་ལས་གཏོད་དངུལ་བུན་སྒོར་ཁྲི་10བཏང་ནས་ཚོང་བྲིན་པོ་བྱུང་བ་དང་འདི་ལོ་ཁོང་གིས་ད་དུང་གྲོང་མིའི་སྡོད་ཁང་གཉེར་བས་ཚོང་ཧ་ཅང་བཟང་།ཁོང་གིས་ཉེ་བའི་ལོ་འགའི་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཕེལ་རྒྱས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ་དང་།མང་ཚོགས་ཀྱི་འཚོ་བ་ཡང་ཇེ་ལེགས་སུ་འགྲོ་བཞིན་ཡོད།ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་ལག་བསྟར་བྱས་པ་ནས་བཟུང་།ཕ་ཡུལ་ལ་སྔ་ས་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་དབྱང་གིས་ཞིང་ཆེན་བཞིའི་བོད་འབྲེལ་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས།བོད་འབྲེལ་ཁུལ་དང་རྫོང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་།སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་ལེན་ལེགས་སུ་གཏོང་བ།ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རོགས་བཅས་བྱས་ཏེ།མང་ཚོགས་རྣམས་ལ་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།སྐད་ཆ་འདི་དག་གིས་ང་ཚོས་མ་འོངས་པའི་འཕེལ་རྒྱས་ལ་རེ་སྒུག་ཆེན་པོ་བྱས་ཡོད།རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཡོད་ན་ཕ་ཡུལ་ཇེ་ལེགས་སུ་འགྲོ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

    དགའ་ལྡན་སུམ་རྩེན་གླིང་གི་གྲྭ་བ་འཇིགས་མེད་ཀྱིས་སྔར་ནས་བརྙན་འཕྲིན་གྱི་འགྲམ་དུ་སྒུག་ཡོད།གསར་འགྱུར་མཉམ་བསྒྲགས་ལ་བལྟས་རྗེས་ཉེ་བའི་ལོ་ཤས་རིང་།དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་མཉེན་ཆས་དང་མཁྲེགས་ཆས་སྒྲིག་བཀོད་སྔར་བས་ཆ་ཚང་པོ་བྱུང་ཡོད།སྒྲིག་སྲོལ་ལམ་ལུགས་ཁག་སྔར་བས་འཐུས་ཚང་དུ་བཏང་བ་བརྒྱུད་དགོན་པའི་དོ་དམ་ཡང་ཉིན་བཞིན་ཚད་ལྡན་དུ་གྱུར་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དམིགས་ས་དང་ཤུགས་རྒྱག་ས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་།ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་དགོས་ཞེས་བསྟན་ཡོད།དགའ་ལྡན་སུམ་རྩེན་གླིང་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་ས་ཚིགས་ཤིག་ཡིན་པའི་ངོས་ནས་སླད་ཕྱིན་ང་ཚོས་མཐུན་སྒྲིལ་བརྟན་ལྷིང་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོར་གཅེས་སྤྲས་ལྡབ་འགྱུར་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན།ཁྲིམས་སྲུང་སྒྲིག་སྲུང་གི་དགེ་འདུན་པ་ཞིག་བྱས་ནས་དགོན་པའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱུག་རྒྱུ་ཡིན་ཞེས་བཤད་བྱུང་། 

      སེམས་ཀྱི་ཉི་ཟླའི་སློབ་འབྲིང་གི་དགེ་རྒན་དབྱང་ཡུང་ཁང་གི་ཁྱིམ་མི་བརྙན་འཕྲིན་འཕྲུལ་ཆས་མདུན་དུ་བསྡད་དེ་གསར་འགྱུར་མཉམ་བསྒྲགས་ལ་བལྟས་པ་རེད།དབྱང་ཡུང་ཁང་གིས་ཏང་ཀྲུང་དབྱང་གིས་ང་ཚོ་དང་འབྲེལ་བ་ཡོད་པའི་བོད་འབྲེལ་ཁུལ་རྫོང་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག  ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་བདེ་ཆེན་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་།དམངས་འཚོ་སྔར་བས་ལེགས་སུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།ད་ལྟ་ཡང་མུ་མཐུད་ནས་ཞིང་ཆེན་བཞིའི་བོད་འབྲེལ་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་།བོད་འབྲེལ་ཁུལ་དང་རྫོང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ།དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ།ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ལ་རོགས་རམ་བྱས་ནས།མང་ཚོགས་དེ་བས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པས། དངོས་གནས་མི་སེམས་ལ་སྐུལ་མ་ཐེབས་སོང་ཞེས་བཤད་བྱུང་།སྐད་ཆ་བཤད་མ་ཐག་ཁོང་གི་ལོ་ན་80སོན་པའི་ཨ་མས་ང་རང་ལོ་ན་བགྲེས་པས་མཐོ་སྒང་གི་འཚོ་བ་དང་བསྟུན་མི་ཐུབ་པར་གྲོང་གསེབ་ཏུ་བསྡད་ཡོད།ད་ཐེངས་བུའི་དབྱར་གནང་དང་བསྟུན་ནས་ཁོ་ཚོ་དང་མཉམ་དུ་ཉིན་ཁ་ཤས་བསྡད། ད་ལྟ་གྲོང་གསེབ་ཀྱི་འཚོ་བ་གྲོང་ཁྱེར་ལས་ཞན་པ་མེད་ཅིང་།རང་འབབ་ཆུ་ཁྱིམ་དུ་ཐོན་ཡོད་ལ།ཨར་འདམ་གྱི་ལམ་སྒོ་འགྲམ་དུ་སླེབས་པ། མི་ཚང་མ་མཉམ་ལས་སྨན་བཅོས་ནང་ཞུགས་པ།ལོ་ན་བགྲེས་དུས་ད་དུང་ལོ་ན་མཐོ་བའི་གསབ་དངུལ་ཡོད་པ་རེད།ད་ཐེངས་ཀྱི་ཀྲུང་དབྱང་གི་ཚོགས་འདུའི་ཐོག་རྒྱབ་སྐྱོར་སྲིད་ཇུས་མང་པོ་གཏན་འཁེལ་བྱས་ཡོད།རྗེས་ཕྱོགས་ཀྱི་འཚོ་བ་དེ་བས་ཡག་པ་ཡོང་གི་རེད་ཅེས་བཤད་པ་རེད།

      ཉིན་འདི་གཉིས་རིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།“དམངས་ཕྱུག་བོད་དར།”“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ”“སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ”སོགས་འཇོལ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་གྲོས་བསྡུར་འཁྲུག་པོ་བྱེད་པའི་གླེང་གཞིར་གྱུར་ཡོད།

       འཇོལ་རྫོང་ལོ་རྒྱུས་གཞུང་དོན་ཁང་གི་ཀྲུའུ་རེན་རྡོ་རྗེ་ཡིས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགན་ལེན་བཞི་བཏོན་ཡོད་དེ།རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུར་འགན་ལེན། སྣོད་བཅུད་ཁོར་ཡུག་ཡག་པོ་ཡོང་བར་འགན་ལེན།མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བཅས་བྱ་རྒྱུ། ཡུལ་སྐོར་ལས་རིགས་ནི་འཇོལ་རྫོང་དང་ཐ་ན་རང་ཁུལ་གྱི་ཐོན་ལས་གཙོ་བོ་ཡིན། སྣོད་བཅུད་ཁོར་ཡུག་བཟང་ངན་གྱིས་ཡུལ་སྐོར་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་ནི་མང་ཚོགས་ཀྱི་འབབ་འཕར་གྱི་གསེར་རི་དངུལ་རི་སྲུང་པ་དང་འདྲ་བ་རེད།      ཨ་ཏུན་ཙི་སྡོད་ཁུལ་གྱི་ལོ་ན་62སོན་པའི་རྒན་པོ་ནམས་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་གསར་འགྱུར་སྤེལ་གཏོང་ལ་བལྟས་རྗེས་བཤད་རྒྱུར། དུས་རབས་གོང་མའི་ལོ་རབས་བདུན་ཅུ་བརྒྱད་ཅུ་པར་འཇོལ་རྫོང་གི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་ནགས་ཁུལ་གསར་སྤེལ་བྱ་རྒྱུ་དེ་རེད།སྐབས་དེར་འདྲུད་འཐེན་འཁོར་ལོ་ཁ་ཤས་ལས་མེད་པ་དང་། འདྲུད་འཐེན་འཁོར་ལོ་གཏོང་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན།ང་ནི་འདྲུད་འཐེན་འཁོར་ལོ་གཏོང་མཁན་སྔ་ཤོས་ཀྱི་གྲས་ཤིག་ཡིན། ཏང་གི་འགོ་ཁྲིད་འོག་འཇོལ་རྫོང་གི་རི་རྒོད་དུ་སྔོ་ལྗང་གིས་བརྒྱན་ཡོད། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱིས་ཡུལ་སྐོར་བའི་ཡིད་དབང་བཀུག་པ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་བརྒྱུད་མི་རྣམས་ཀྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ཡོད། ད་སྐབས་ངའི་བྱིས་པ་གཉིས་ལས་ཀར་ཞུགས་ཡོད། ང་དང་བཟའ་ཟླས་ཚ་བོ་ཁྲིད་ནས་ཕྱི་ལ་འགྲོ་དུས་བྱིས་པའི་རླངས་འཁོར་ལ་བསྡད་པ་ཡིན། ཨ་ཏུང་ཙི་ནི་མི་རིགས་མང་པོ་དང་ཆོས་ལུགས་མང་པོ་འདུས་སྡོད་བྱེད་ས་ཡིན། འཚོ་བ་ཇེ་ལེགས་སུ་འགྲོ་བ་དང་བསྟུན། ཁྱིམ་མཚེས་བར་དང་མི་རིགས་ཁག་བར་ཧ་ཅང་མཐུན་པོ་ཡོད་པས་འཆམ་མཐུན་ལྷིང་འཇགས་ཀྱི་འཚོ་བ་རོལ་བཞིན་ཡོད་ཅེས་བཤད་བྱུང་།

       འབའ་ལུང་རྫོང་ཡུང་ཁྲིན་ཤང་ཐུའོ་ཀྲི་ཏ་གྲོང་ཚོའི་གྲོང་མི་ཧོ་ཞུས་ཆན་གྱི་ཁྱིམ་མི་བརྙན་འཕྲིན་འཕྲུལ་ཆས་མདུན་དུ་བསྡད་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་གསར་འགྱུར་གནས་ཚུལ་ལ་བལྟས་པ་རེད། ཧོ་ཞུས་ཆན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་སྐྱོར་འོག་ང་ཚོའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེ་སྔའི་འདམ་པའི་ལམ་དེ་ད་ལྟ་མཐོང་རྒྱུ་མེད་པར་གྱུར་ནས་གྲོང་ཚོ་དང་གྲོང་ཚོ་ཚང་མར་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད།བདེ་འཇགས་ཀྱི་གློག་དྲ་དང་དྲ་རྒྱ་དེ་སྔོན་ཆད་འབྲུག་སྒྲ་དང་ཆར་བབས་ན་གློག་ཆད་པ་དང་། ཁ་པར་ཞིག་བཏང་ན་གང་སར་བརྡ་རྟགས་འཚོལ་བའི་རྣམ་པ་འགྱུར་བ་བཏང་ཡོད། ཀྲུང་དབྱང་གིས་ཞིང་ཆེན་བཞིའི་བོད་འབྲེལ་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་། བོད་འབྲེལ་ཁུལ་དང་རྫོང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་།སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་ལེན་ལེགས་སུ་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ལ་རོགས་རམ་བྱས་ཏེ་མང་ཚོགས་ལ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་པ་མི་རྣམས་ལ་སྐུལ་མ་ཐེབས་སུ་བཅུག།རྒྱལ་ཁབ་ཀྱིས་ང་ཚོར་རྒྱབ་སྐྱོར་འདི་འདྲ་བྱས་ན་ང་ཚོས་དོན་དངོས་དང་ཟུང་འབྲེལ་བྱ་དགོས། ཡུལ་བྱའི་གསོ་སྤེལ་ཐོན་ལས་མུ་མཐུད་འཕེལ་རྒྱས་ཡག་པོ་གཏོང་བ་དང་། ཁེ་ལས་དང་རྟེན་གཞི།ཞིང་དུད་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས།འབབ་འཕར་ཡོང་རྒྱུར་འབད་བརྩོན་བྱས་ཏེ་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་བཤད་བྱུང་།