སི་ཁྲོན་ཁྱུང་མཆུ་ནས་ལྷ་ས་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

ཁྱུང་མཆུ་ནས་ལྷ་ས་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ།

ཁྱུང་མཆུ་ནས་ལྷ་ས་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ།

ཁྱུང་མཆུ་ནས་ལྷ་ས་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ།

        ཟླ8པའི་ཚེས26ཉིན་གྱི་སྔ་དྲོའི་ཆུ་ཚོད11སྟེང་བོད་ལྗོངས་མཁའ་འགྲུལ་ཀུང་སིས་འཕུར་འགན་འཁུར་བའིTV9911དུས་གཏན་གནམ་གྲུ་དེ་སི་ཁྲོན་རྔ་བ་ཁུལ་གྱི་ཁྱུང་མཆུ་གནམ་ཐང་དུ་བབས་པ་དང་བསྟུན་ཐེངས་འདིའི་དུས་གཏན་གནམ་གྲུར་བསྡད་པའི་ཡུལ་སྐོར་བ་དང་བོད་སྐྱོར་ལས་བྱེད་པ76ཁྱུང་མཆུ་རྫོང་དུ་སླེབས་པ་རེད།

        ཁ་གཏད་རོགས་སྐྱོར་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་། སྤེལ་རེས་མཉམ་ལས་གཏིང་ཇེ་ཟབ། མཐུན་སྦྱོར་འཕེལ་རྒྱས་ཐད་སྐུལ་འདེད་བཅས་གཏོང་བའི་ཆེད། ཁྱུང་མཆུ་གནམ་ཐང་གིས་མན་དབྱང—ཁྱུང་མཆུ—ལྷ་ས་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ་རེད། མཁའ་ལམ་དེ་བོད་ལྗོངས་མཁའ་འགྲུལ་ཀུང་སིས་འཕུར་སྐྱོད་ཀྱི་འགན་འཁུར་ཞིང་། གནམ་གྲུའི་བཟོ་དབྱིབས་ནིA319ཡིན་པ་ལ་གཟའ་འཁོར་རེར་ཐེངས3ལ་འཕུར་རྒྱུ་རེད།

        རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་གནམ་ཐང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྤྱི་ཁྱབ་ཅིན་ལི་དབྱང་ཝུན་པིན་གྱིས“མ་འོངས་པར་ད་དུང་ཁྲུང་ཆིང—ཁྱུང་མཆུ—ཞི་ཨན་བར་གྱི་མཁའ་ལམ་ཤར་གཏོང་བྱ་རྒྱུ་ཡིན”ཞེས་བསྟན། །