རི་ལྕག་མེ་ཏོག་གིས་རྒྱན་པའི་སེམས་ཀྱི་ཉི་ཟླའི་སྟོན་ཀ་རབ་ཏུ་མཛེས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སྟོན་ཟླ་བརྒྱད་པའི་སེམས་ཀྱི་ཉི་ཟླ་ནི་ཚོན་མདོག་ཕུན་སུམ་ཚོགས་པའི་དུས་ཚིགས་ཞིག་ཡིན་ལ།   དགོང་ཨ་སྔོན་དང་སྤྲིན་དཀར་པོ།  རྒྱང་རིང་གི་གངས་རི་དང་མིག་མདུན་གྱི་སྤང་ལྗོངས།  གཡུ་མདོག་གི་མཚེའུ།  དེ་བཞིན་སྤང་ལྗོངས་སྟེང་གི་རི་ལྕག་མེ་ཏོག་སོགས་ཀྱིས་ཚོན་མདོག་རྣམ་པ་བཀྲ་བའི་རི་མོ་ཞིག་གྲུབ།

        རི་ལྕག་མེ་ཏོག་ནི་རྩ་བ་ཆེ་ཞིང་། ཆུ་འཇིབ་ཀྱི་ནུས་པ་ཤིན་ཏུ་ཆེ། ཐན་པ་དང་གྲང་ངར་ཆེ་བའི་གནམ་གཤིས་ལ་འཕྲོད་ཐུབ་པས་མཐའ་འཁོར་གྱི་རྩྭ་རིགས་དེ་དང་འཐབ་རྩོད་བྱེད་དཀའ། དེའི་རྩ་བ་ཇི་ཙམ་རྒྱས་ན་དུག་གི་རང་བཞིན་དེ་ཙམ་ཆེ།  སེམས་ཀྱི་ཉི་ཟླའི་རི་ལྕག་མེ་ཏོག་ནི་ལོ་ལྟར་གྱི་ཟླ་6པར་བཞད་པ་དང་མེ་ཏོག་སེར་པོ་ཡིན་ལ།  ཟླ་8པའི་ཟླ་སྨད་ནས་ཟླ་10པའི་ཟླ་སྟོད་ཀྱི་བར་རི་ལྕག་མེ་ཏོག་དམར་པོར་གྱུར་བ་རེད།