དབུལ་ཐར་གྱི་ལམ་དུ་རང་ཉིད་ཀྱི་བརྩོན་འགྲུས་ལ་བརྟེན་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཉིན་རེའི་ཉིན་གུང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་ཀླུ་ཆུའི་སྤྱི་གླིང་གི་ཉེ་འགྲམ་ན་གནས་ཡོད་པའི་སེམས་དམར་སིལ་ཟས་ཁང་ལ་མཚོན་ན་ཉིན་གཅིག་ནང་ལས་ཀ་བྲེལ་བ་ཆེ་ཤོས་ཀྱི་དུས་སྐབས་ཤིག་རེད།   སེམས་དམར་སིལ་ཟས་ཁང་གི་ཞབས་ཞུ་བ་ལི་ཀྲེང་རུང་གིས་ཚོང་ཁང་དུ་ལས་ཀ་ལས་ཞོར་བྲེལ་འཚུབ་ཆེ་བའི་སྒང་ཡིན་པ་དང་།        ཚལ་བརྔོ་བ་དང་།       ཚལ་འདྲེན་པ།            མགྲོན་པོ་སྣེ་ལེན་བྱེད་པ་སོགས་འདི་གར་ཡོང་ནས་ལས་ཀ་གཉེར་བའི་ལོ་བཞིའི་རིང་ལས་གནས་རེ་རེའི་གཙོ་གནད་ཁོང་གིས་ཁོང་དུ་ཆུད་པར་བྱས་ཡོད།

སེམས་དམར་སིལ་ཟས་ཁང་གི་སྦྱིན་བདག་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་ལི་ཀྲེང་རུང་ཇ་མ་བྱས་པའི་ཆུ་ཚད་མཐོ་རུ་ཕྱིན་ཡོད། བདེ་ཆེན་གྱི་བྲོ་བ་ལྡན་པའི་ལག་ཤེས་གོ་རེ་བཟོ་བར་སྐྱུར་བསྙལ་བ་ནས་ཕྱེ་བསྣོལ་བ་སོགས་ལ་ཕལ་ཆེར་ལས་རིམ་བརྒྱད་ཡོད། དེའི་ནང་གི་ནང་དོན་གཙོ་བོ་དག་ལི་ཀྲེང་རུང་གིས་རྦད་དེ་ཁོང་དུ་ཆུད་པ་དང་ཚོང་ཁང་ནང་གི་ཁྱད་ལྡན་སྔོ་ཚལ་མང་པོ་ཞིག་ཁོང་གིས་ཀྱང་ཡག་པོ་བཟོ་ཐུབ་ཀྱི་ཡོད་ཟེར།

ད་ལོ་ལོ་20ལ་སླེབས་པའི་ལི་ཀྲེང་རུང་ནི་འབའ་ལུང་རྫོང་ཡུང་ཁྲུན་ཤང་མེ་ཀོང་གྲོང་ཚོ་ཨ་ཧྲ་ཙི་གྲོང་མིའི་ཚོ་ཆུང་གི་གྲོང་མི་ཡིན་ཞིང་། ཁོང་ཤ་རིད་ཅིང་གཤིས་རྒྱུད་འཇམ་པོ་ཡོད། གདོང་ལ་བྱིས་ཉམས་ཤར་ཡང་ལས་ཀ་བྱེད་སྐབས་རྐང་ལག་བདེ་པོ་ཡིན། 

ལི་ཀྲེང་རུང་གི་ཨ་ཕ་རྐང་པ་སྐྱོན་ཅན་ཡིན་པས་ངལ་རྩོལ་བྱེད་ནུས་མེད། ལི་ཀྲེང་རུང་ལོ་17སོན་པའི་ལོ་དེར་ཁོང་གི་ཨ་མར་ནད་བྱུང་བས་ངལ་རྩོལ་གྱི་ནུས་པ་ཤོར་བ་དང་ཁྱིམ་ཚང་དེའི་འཚོ་བ་སྔར་ལས་དཀའ་ཚེགས་ཆེ་བར་གྱུར། སྐབས་དེར་ལི་ཀྲེང་རུང་གི་གཅུང་མོས་ད་དུང་དམའ་འབྲིང་ན་དཔེ་ཀློག་བྱེད་བཞིན་ཡོད།   

2017ལོར་ལི་ཀྲེང་རུང་གིས་ཕྱིར་གླ་པར་བསྐྱོད་དེ་དངུལ་རག་ཐབས་དང་ཕ་མར་ལྟ་རྟོག་ཧུར་ཐག་བྱ་རྒྱུའི་སེམས་ཐག་བཅད་ནས་གཅུང་མོས་སློབ་གྲྭ་འདོན་པར་རོགས་སྐྱོར་གནང་།    ལོ་དེར་ལི་ཀྲེང་རུང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་བདམས་པ་རེད།  ཟླ་རེར་རྒྱལ་ཁབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་མ་དངུལ་དང་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་ལེན་ཐུབ་པ་མ་ཟད། ད་དུང་ཞིང་ཕན་སྲིད་ཇུས་སྣ་ཚོགས་ཀྱང་ལོངས་སུ་སྤྱོད་ཐུབ་པ་བྱུང་བས་འདིས་ལི་ཀྲིན་རོང་གི་གནོན་ཤུགས་ཇེ་ཡང་དུ་བཏང་བ་རེད།  

ཟླ་རེར་ལི་ཀྲེང་རུང་གིས་ཟ་མཁས་སྤྱོད་མཁས་བྱས་ནས་གླ་ཕོགས་ཀྱི་ཁག་ཅིག་ཕ་མར་བསྐུར་བ་དང་། ཁག་གཅིག་ནུ་མོར་སློབ་སྦྱོང་བྱེད་དུ་བཅུག   ད་ཆ་གཅུང་མོ་ཆུས་ཅིང་ཉེར་སྤྱོད་ལག་རྩལ་སློབ་གྲྭར་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་ལོ་རེའི་དབྱར་གསེང་རིང་ལི་ཀྲེང་རུང་ཡོད་སར་དུས་ཐུང་གི་ཞོར་ལས་བྱེད་ཀྱི་ཡོད།  

ལི་ཀྲེང་རུང་ཉིན་ལྟར་ཞོགས་པའི་ཆུ་ཚོད་བདུན་པར་སེམས་དམར་སིལ་ཟས་ཁང་དུ་ལས་ཀ་བྱེད་པར་ཡོང་བ་དང་རྒྱུན་པར་ཁོང་གིས་སེམས་ལ་རེ་བ་ཆེན་པོ་བཅང་ཡོད། ཁོས་བཤད་ན་རྗེས་ཕྱོགས་འཕེལ་རྒྱས་ཇི་ལྟར་གཏོང་རྒྱུའི་སྐོར་ལ་བསམ་བློ་ཡག་པོ་ཞིག་བཏང་མེད། འོན་ཀྱང་ད་ཆ་འབད་བརྩོན་ཆེན་པོས་ལག་རྩལ་སྦྱོང་བ་དང་གཅུང་མོར་སློབ་སྦྱོང་བྱེད་དུ་བཅུག་ནས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་དུད་ཚང་དབུལ་པོའི་ཞྭ་མོ་ཕུད་རྒྱུ་ཡིན།   ཁོང་གིས་ད་ཆ་དངུལ་ཕྲན་བུ་གསོག་ཐུབ་པ་བྱུང་ཡོད་ཅིང་རྗེས་ཕྱོགས་ཆ་རྐྱེན་ཅུང་བཟང་བའི་སྐབས་སུ་ཁང་བ་གསར་བ་ཞིག་ལས་རྒྱུ་ཡིན། སྲིད་གཞུང་གིས་ང་ཚོར་རོགས་མང་པོ་བྱས་ཡོད་པས་སྒུག་བརྟེན་སློང་གསུམ་བྱེད་མི་རུང་།  ང་ད་དུང་ལོ་ན་གཞོན་པས་ དབུལ་ཐར་གྱི་ལམ་དུ་རང་ཉིད་ཀྱི་བརྩོན་འགྲུས་ལ་བརྟེན་དགོས་ཟེར།