ལོ་སྟོད་དུ་འཇོལ་རྫོང་གི་ནོར་སྲིད་གཏོང་སྒོའི་བཅུ་ཆའི་བརྒྱད་ཙམ་དམངས་འཚོའི་ཁྱབ་ཁོངས་སུ་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ད་ལོའི་ཚུན་དུ།    སྤྱི་ཁོག་གི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ། ཏོག་གསར་གློ་ཚད་ཤུགས་རྐྱེན་ཐེབས་པ། དབུལ་སྒྲོལ་ཕར་རྒོལ་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་པ་སོགས་ཀྱི་དམིགས་བསལ་དུས་བབ་འོག་འཇོལ་རྫོང་ནོར་སྲིད་ཅུས་ཀྱིས་སྲིད་གཞུང་གི་འཚོ་བ་དམ་པོ་རོལ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྔོན་རྩིས་དོ་དམ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་བ་དང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཉུང་འཕྲི་ཧུར་ཐག་བྱས་ཏེ་གཙོ་གནད་གཏོང་སྒོའི་གྲུབ་ཚུལ་ཟམ་མི་ཆད་པར་ཇེ་ལེགས་སུ་བཏང་ཡོད།2020ལོའི་ལོ་སྟོད་དུ་འཇོལ་རྫོང་གི་ནོར་སྲིད་གཏོང་སྒོའི་བཅུ་ཆ་བརྒྱད་ཙམ་དམངས་འཚོའི་ཁྱབ་ཁོངས་སུ་བཏང་ཡོད། ནོར་སྲིད་མ་དངུལ་སྤྱོད་མཁོ་ཆེ་སར་བེད་སྤྱོད་ཏན་ཏིག་བྱས་ནས་བརྟན་ལྷིང་དྲུག་གི་ལས་དོན་ཡག་པོ་བསྒྲུབས་ཡོད་པ་དང་འགན་ལེན་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད།  དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་ནས་སྤྱོད་མཁས་དམངས་ཕྱུག་གི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཡོད།

        ལོ་སྟོད་དུ་རྫོང་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་124999ཟིན་པ་དེ་དུས་མཚུངས་ལས་1.02%འཕར་ཡོད། དེའི་ནང་རྫོང་ཡོངས་ཀྱི་ནོར་སྲིད་ཀྱི་དམངས་འཚོའི་གཏོང་སྒོ་སྒོར་ཁྲི་103566ཟིན་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་83%ཟིན་པ་དང་། སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གཏོང་སྒོ་གཙོ་བོར་འགན་སྲུང་ནུས་ལྡན་བྱས་ཡོད། སློབ་གསོའི་གཏོང་སྒོ་སྒོར་ཁྲི་9546ཟིན་པ་དང་། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་གཏོང་སྒོ་སྒོར་ཁྲི་11270ཟིན། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་ཁྲི་12967ཟིན་པ་དང་རིག་གནས་ལུས་རྩལ་དང་སྨྱན་སྦྱོར་གྱི་གཏོང་སྒོ་སྒོར་ཁྲི་1661ཟིན།  སྡོད་ཁང་འགན་སྲུང་གི་གཏོང་སྒོ་སྒོར་ཁྲི་5496ཟིན། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཏོང་སྒོ་སྒོར་ཁྲི་3914ཟིན། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏོང་སྒོ་སྒོར་ཁྲི་12326ཟིན།  ཞིང་ནགས་ཆུ་གསུམ་གྱི་གཏོང་སྒོ་སྒོར་ཁྲི་43782ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་གཏོང་སྒོ་སྒོར་ཁྲི་2514ཟིན་པ་དང་གཏོང་སྒོ་གཞན་དག་སྒོར་ཁྲི་90བཅས་ཟིན་ཡོད།