སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ད་ལོའི་ལོ་སྟོད་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་80.39ཟིན་པ་དང་། དུས་མཚུངས་ལས་1.9%འཕར་ཡོད།  གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་52.83བཏང་ནས་ལོ་འཁོར་གྱི་དམིགས་ཚད་ཀྱི་37.3%ལེགས་གྲུབ་བྱུང་ཡོད། སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་3.5ལེགས་གྲུབ་བྱུང་བ་དང་ལོ་འགོའི་དམིགས་ཚད་ལས་འགན་གྱི་61%ལེགས་གྲུབ་བྱུང་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་19.5ཟིན་ནས་དམིགས་ཚད་ལས་འགན་གྱི་53%ལེགས་གྲུབ་བྱུང་ཡོད། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་སྒྲིག་བཟོའི་ལས་དོན་བརྟན་པོའི་ངང་སྤེལ་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་སེམས་ཀྱི་ཉི་ཟླ་གྲོང་ཨུས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་གཏན་འཁེལ་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་དང་། ཞི་མཐུན་བརྟན་ལྷིང་གི་རྣམ་པར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། དཔལ་འབྱོར་གྱི་སྤུས་ཚད་ཇེ་བརྟན་དུ་གཏོང་བ།  སྐྱེ་ཁམས་སྲུང་སྐྱོང་གི་ལེགས་ཆ་ཆེ་རུ་གཏོང་བ། ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་རིམས་ནད་ལས་རྒྱལ་བ་དང་། འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་འགན་ལེན་བཅས་བྱསནས་ལས་དོན་ཁག་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད།

        ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་པ། སེམས་ཀྱི་ཉི་ཟླ་གྲོང་ཨུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་12དང་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་ཐེངས་3འཚོགས་ནས་ཆབ་སྲིད་འཛུགས་སྐྱོང་ལས་དོན་ལ་ཞིབ་འཇུག་དང་སྐུལ་འདེད་བཏང་བ་རེད། གྲོང་ཁྱེར་གྱིས་དོ་དམ་བྱེད་པའི་ལས་བྱེད་པ་སྒྲིག་འཛུགས་དང་། གྲོང་ཚོ་(སྡེ་ཁུལ)ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་62ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རྟོག་ཞིབ་བྱེད་པའི་ཆེད་དོན་དཔྱད་གླེང་དང་གསོ་སྦྱོང་ནང་ཞུགས་སུ་བཅུག་ཡོད། ཏང་ཡོན་ཆིག་ཁྲི་ཏང་གི་སློབ་གྲྭ་དང་སྒྲོག་འགྲེལ་ཚོགས་པ་ཤང་(གྲོང་རྡལ་)གྲོང་ཚོར་ཟབ་ཞུགས་བྱས་ནས་སྒྲོག་འགྲེལ་ཐེངས་གྲངས་2099བྱས་ཡོད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཡག་པོ་རྒྱབ་པ། ཆེད་དོན་ལས་དོན་ཚོ་ཆུང་11དང་། ཏང་ཡོན་འཕྲལ་སྒྲུབ་རུ་ཁག་225   དང་བླང་ཞབས་ཞུའི་རུ་ཁག་789བཅས་བཙུགས་ནས་རིམས་འགོག་ལས་དོན་ལ་སྐུལ་འདེད་བཏང་ཡོད། ནད་གཞི་གཏན་འཁེལ་མེད་པ་དང་དོགས་པ་མེད་པ་མངོན་འགྱུར་བྱས་ཡོད།

        ཉིན་བརྒྱའི་འགག་སྒྲོལ་ལས་དོན་སྤེལ་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ། གྲོང་ཁྱེར་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་4653གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4000ཡན་ཟིན་ཡོད།

        གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་བཏང་ཡོད།    སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་སོགས་ནུས་ལྡན་གྱི་བྱེད་སྒོ་སྣ་མང་སྤེལ་ནས་ཕན་འབྲས་མངོན་གསལ་བླངས་ཡོད།