རང་ཁུལ་གྱིས་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ནན་པོ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ད་ལོ་ནས་བཟུང་།  རང་ཁུལ་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མུ་མཐུད་ནས་ཆེ་རུ་བཏང་བ། མངོན་མེད་རྐྱེན་ངན་བཅོས་སྐྱོང་བྱ་རྒྱུ་གཙོ་གནད་དུ་དམ་འཛིན་བྱས་པ། འཕྲལ་སྡོམ་གྲ་སྒྲིག་དང་གེགས་འགོག་གེགས་སེལ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཁུལ་ཡོངས་ཀྱི་ཉེན་ཁ་སྔོན་འགོག་དང་། མངོན་མེད་རྐྱེན་ངན་སེལ་བ། ལས་འཛོལ་བཀག་འགོག་བཅས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་བརྟན་པོ་ཡིན་པ། ཟླ་བ་1པོ་ནས6་པའི་བར་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་ཚད་དང་མི་ཤི་ཚད་དུས་མཚུངས་ལས་38.6%དང་52.9%ཆག་ནས་ལས་འཛོལ་ཆེ་ཙམ་དང་དེ་ཡན་ཐོན་མེད་པ་རེད།

        བདེ་འཇགས་ཐོན་སྐྱེད་ནི་མི་དམངས་ཀྱི་བདེ་རྩར་འབྲེལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། རང་ཁུལ་གྱིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། བདེ་འཇགས་ཐོན་སྐྱེད་དེ་ཁུལ་ཡོངས་ཀྱི་ཕྱོགས་བསྡུས་དམིགས་ཚད་ལྟ་སྐུལ་ཞིབ་བཤེར་དོ་དམ་དཔྱད་ཞིབ་ནང་བཅུག་ནས་ཆེད་དོན་ཚོགས་འདུ་འཚོགས་པ། ཁུལ་མི་དམངས་སྲིད་གཞུང་གིས་སྒོ་བྱང་བཀལ་ནས་སྐུལ་སྒྲུབ་བྱེད་པ། 《བདེ་འཇགས་ཐོན་སྐྱེད་དམིགས་ཚད་དོ་དམ་འགན་འཁྲིའི་ཡི་གེ》བཞག་པ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱས་ཡོད།

        མཉམ་འབྲེལ་ཁྲིམས་བསྟར་དང་། ཆེད་དོན་ཞིབ་བཤེར། ཕྱོགས་བསྡུས་ལྟ་ཞིབ། ཁེ་ལས་རང་བཤེར་སོགས་ཀྱི་རྣམ་པ་བརྒྱུད། དཔྱིད་གསར་དུས་ཆེན་དང་ཚོགས་ཆེན་གཉིས་སོགས་མཚམས་ཚིགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་རྩད་ཞིབ་དང་ཞོད་ཐན་སྔོན་འགོག་གི་ཆེད་དོན་ཞིབ་བཤེར་སོགས་ཆེད་དམིགས་དག་ཐེར་བཅོས་སྐྱོང་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་བ་དང་། ལས་རིགས་ཁག་གི་གཙོ་སྐྱོང་སྡེ་ཁག་གིས་རྡོ་སོལ་མིན་པའི་གཏེར་རི། ཉེན་ཆེའི་རྫས་འགྱུར་དངོས་རྫས། ཨར་ལས་བཟོ་སྐྲུན། བགྲོད་ལམ་འགྲིམ་འགྲུལ། མེ་ཟོན། ཤོག་སྦག  སོལ་རླངས། བཟོ་ཚོང་། ཡུལ་སྐོར། མི་མང་འདུས་ས་སོགས་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ལ་དམིགས་ནས་ཁེ་ལས་དང་གནས་ཡུལ་1121ལ་ཞིབ་བཤེར་བྱས་ཏེ། མངོན་མེད་རྐྱེན་ངན་1082གྲལ་བཤེར་བྱས་ནས་ཟླ་6པའི་བར་བཅོས་སྒྲིག་བྱས་པ་དང་དག་ཐེར་བྱེད་ཚད་80%ཙམ་ཟིན་ཡོད།

        འཕྲལ་སྡོམ་གྲ་སྒྲིག་བརྟན་དུ་བཏང་ནས་གེགས་འགོག་གེགས་སེལ་གྱི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས། ཞོད་ཐན་སྔོན་འགོག  འཕྲལ་བསྟུན་རོགས་སྐྱོབ། གནོད་འགོག་གནོད་སེལ་སོགས་ཀྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་ཆེད། འབྲུབ་འགོག་འཕྲལ་སྡོམ་རོགས་སྐྱོབ་ཀྱི་བཀོད་འདོམས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བཀོད་འདོམས་དང་ཐག་གཅོད་བདེ་བླག་ཡོང་བར་འགན་ལེན་བྱས་པ། འཕྲལ་སྡོམ་སྔོན་ཇུས་གང་མགྱོགས་བཟོ་བཅོས་བརྒྱབ་ནས་རྫོང་དང་གྲོང་ཁྱེར། ཆུས་བཅས་ཁག་གིས་ཁུལ་ཡོངས་ཀྱི་སྔོན་ཇུས་དང་འབྲེལ་མཐུད་བྱེད་པའི་འབྲུབ་འགོག་འཕྲལ་སྡོམ་རོགས་སྐྱོབ་སྔོན་ཇུས་འཛུགས་རྒྱུར་ལྟ་སྐུལ་བྱས་པ། སྤྱི་ཚོགས་ཀྱི་བབ་བསྟུན་རོགས་སྐྱོབ་སྟོབས་ཤུགས་གཙོ་བོའི་གཞི་རྩའི་གནས་ཚུལ་གསལ་རྟོགས་བྱས། བཅའ་སྡོད་བྱེད་སའི་དྲག་ཆས་ཉེན་རྟོག་དང་མེ་ཟོན་སོགས་སྡེ་ཚན་དང་མཉམ་གྲོས་བྱས་ཏེ་མཉམ་འགུལ་ལམ་སྲོལ་ཆགས་པ་དང་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་བསྡུ་སྒྲིལ་བྱེས་པ། ཆེད་ལས་དང་སྤྱི་ཚོགས་ཀྱི་རོགས་སྐྱོབ་སྟོབས་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་པ། དུས་མཚུངས་སུ་ལོ་འཁོར་གྱི་གེགས་སེལ་དངོས་ཟོག་ཉོ་སྒྲུབ་འཆར་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ་རང་བྱུང་གནོད་འཚེའི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ཡོད།

        5•12གནོད་འགོག་གནོད་སེལ་ཉིན་མོ་དང་བདེ་འཇགས་ཐོན་སྐྱེད་ཟླ་བ་སོགས་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ། སློབ་གྲྭ་དང་གྲོང་གསེབ། སྡེ་ཁུལ། ལས་ཁུངས་བཅས་སུ་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་མང་ཚོགས་ཀྱི་གནོད་འགོག་གེགས་སེལ་གྱི་འདུ་ཤེས་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནུས་པ་ཆེ་རུ་བཏང་ཡོད། ལོ་སྟོད་དུ་འགྲེམས་སྟོན་གཉེར་བ་དང་། ཉེན་ཟོན་སློབ་གསོ་དང་འཕྲལ་སྡོམ་སྔོན་ཇུས་ནང་སྦྱོང་སོགས་བྱས་པ་བརྒྱུད། སློབ་གསོ་ཐོབ་མཁན་མི་ཐེངས་ཁྲི་14ལྷག་ཙམ་ཟིན་ནས་བདེ་འཇགས་རིག་གནས་མི་སེམས་ལ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་བདེ་འཇགས་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་དོན་གཉེར་དུ་གྱུར་ཡོད།