ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བྱེད་ཐབས་གསུམ་སྤྱད་དེ་འཛད་སྤྱོད་དབུལ་སྐྱོར་ལས་ཀ་ལ་སྐུལ་འདེད་གཏོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ད་ལོ་ནས་བཟུང་།  བདེ་ཆེན་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཛད་སྤྱོད་དབུལ་སྐྱོར་རྩ་འཛུགས་བྱེད་པ་སྐོར་གྱི་གསུང་བཤད་གལ་ཆེན་དོན་འཁྱོལ་ཏན་ཏིག་བྱས་པ་དང་།  འཛས་སྤྱོད་དབུལ་སྐྱོར་དམ་པོར་འཛིན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་།

        ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྩ་འཛུགས་ཀྱི་དགེ་མཚན་བེད་སྤྱོད་ཡག་པོ་བྱས་ཏེ།  ཕྱོགས་གཅིག་ནས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་བཟོ་ཚོགས་རྩ་འཛུགས་དང་རྒྱ་ཆེ་བའི་བཟོ་ཚོགས་ཀྱི་ཚོགས་མི་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ་འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་ནང་ཧུར་ཐག་ཞུགས་སུ་བཅུག་པ་དང་།  ཕྱོགས་གཞན་ཞིག་ནས་རང་འགུལ་ངང་ཧྲང་ཧའེ་དང་ཁུན་མིང་སོགས་ཆ་སྒྲིག་རོགས་སྐྱོར་ས་ཁུལ་གྱི་བཟོ་ཚོགས་ཀྱིས་བདེ་ཆེན་གྱི་འཛད་སྤྱོད་དབུལ་སྐྱོར་ལས་དོན་ནང་ཞུགས་པར་འབྲེལ་མཐུད་བྱས་ནས།  དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་ཁྲོད་བཟོ་ཚོགས་རྩ་འཛུགས་ཀྱི་འགན་འཁྲི་མངོན་ཡོད།

        དྲིལ་བསྒྲགས་སྐུལ་སློང་བྱས་ཏེ་གཞི་རིམ་བཟོ་ཚོགས་དང་ལས་བྱེད་པའི་ཚོགས་མི་འཛད་སྤྱོད་དབུལ་སྐྱོར་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་བྱས་པ་དང་། སྔ་རྗེས་སུ་དབུལ་སྐྱོར་གཞུང་ལས་ཁང་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་དང་མཉམ་དུ་གྲོས་འདོན་ཡི་གེ་གཉིས་འགྲེམས་སྤེལ་བྱས་པ། གཞི་རིམ་བཟོ་ཚོགས་ཀྱིས་བཟོ་ཚོགས་ཀྱི་ཕན་བདེའི་སྲིད་ཇུས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་ཚོགས་མིའི་དུས་ཆེན་གྱི་འཚམས་འདྲིའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་འབོད་སྐུལ་བྱས། ལས་བཟོ་པའི་ཚོགས་མིས་དབུལ་ཕོངས་མང་ཚོགས་ཀྱི་ཡུལ་ཐོན་ཁྱད་རྫས་དང་ས་གནས་དེ་གའི་ཁེ་ལས་ཀྱི་མཛོད་ཉར་ཐོན་རྫས་ཉོ་སྒྲུབ་བྱེད་པར་སྐུལ་སློང་བྱས་པ། དབུལ་སྐྱོར་སྒོ་རྩིས་ཚོང་ཁང་ལས་གཉེར་བྱེད་འགོ་ཚུགས་ནས་ཟླ་བ་གཅིག་ལྷག་ཙམ་སོང་རིང་གཞི་རིམ་བཟོ་ཚོགས་དང་ལས་བཟོའི་ཚོགས་མིས་ས་གནས་དེ་གའི་ཁེ་ལས་ཀྱི་མཛོད་ཉར་ཐོན་རྫས་སྒོར་ཁྲི་208ཉོས་ཡོད།

        རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་ཧྲང་ཧའེ་དང་ཁུན་མིང་སོགས་ཆ་སྒྲིག་རོགས་སྐྱོར་ས་ཁུལ་གྱི་བཟོ་ཚོགས་བདེ་ཆེན་གྱི་འཛད་སྤྱོད་དབུལ་སྐྱོར་ལས་ཀའི་ནང་ཞུགས་རྒྱུར་སྐུལ་འདེད་བཏང་བ་དང་། ཟླ་7པའི་ཚེས་26ཉིན་ནས་ཚེས་31ཉིན་བར། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མི་སྣ་སྒྲིག་འཛུགས་བྱས་ཏེ་ཁུན་མིང་དང་ཡུས་ཞི། ཆུས་ཅིང་སོགས་སུ་བཟོ་ཚོགས་ཀྱི་ལས་དོན་ལ་རྟོག་ཞིབ་དང་། འཛད་སྤྱོད་དབུལ་སྐྱོར་ལས་དོན་དང་སྦྲེལ་མཐུད་བྱས་ཡོད། གཞི་རིམ་བཟོ་ཚོགས་དང་ལས་བཟོའི་ཚོགས་མིས་བདེ་ཆེན་གྱི་མཛོད་ཉར་ཐོན་རྫས་ཉོ་རྒྱུར་སྐུལ་སློང་བྱས། ཟླ་8ཚེས་3ནས་ཚེས་7ཉིན་བར་བདེ་ཆེན་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་གདན་ཞུས་ལྟར། མིན་ཧང་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མི་སྣ་སྒྲིག་འཛུགས་བྱས་ཏེ་བདེ་ཆེན་དུ་འཛད་སྤྱོད་དབུལ་སྐྱོར་ལས་དོན་སྦྲེལ་མཐུད་བྱས། ད་ལོར་མིང་ཧང་ཆུས་སྤྱི་ཁྱབ་བཟོ་ཚོགས་ཁོངས་གཏོགས་ཀྱིས་མཉམ་ལས་དང་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་འཛད་སྤྱོད་དབུལ་སྐྱོར་སྒོར་ཁྲི་1000ཚད་བརྒལ་ངང་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།